2015 ལོའི་སྐབས་གཉིས་པའི་ཀྲུང་གོའི་རྒྱལ་རོང་རིག་གནས་དཔྱད་གླེང་ཚོགས་འདུ་རོང་བྲག་རྫོང་ནས་འཚོགས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 11-02


    སྤྱི་ཟླ་10 ཚེས་27 ཉིན་གྱི་ཕྱི་དྲོར། དཀར་མཛེས་ཁུལ་རིག་གནས་ལུས་རྩལ་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་དང་གསར་འགྱུར་པར་སྐྲུན་ཅུས། ཀྲུང་གུང་རོང་བྲག་རྫོང་ཨུ་དང་། རྫོང་མི་དམངས་སྲིད་གཞུང་གིས་ཐུན་མོང་གིས་གཉེར་བའི་2015 ལོའི་སྐབས་གཉིས་པའི་ཀྲུང་གོའི་རྒྱལ་རོང་རིག་གནས་དཔྱད་གླེང་ཚོགས་འདུ་དེ་རོང་བྲག་རྫོང་ནས་འཚོགས། 
    ཀྲུང་གུང་རོང་བྲག་རྫོང་ཨུའི་ཧྲུའུ་ཅི་ཁྲིན་ཏེ་ཁེང་གིས་རྫོང་ཨུའི་དང་རྫོང་མི་དམངས་འཐུས་མི་ཚོགས་ཆེན། རྫོང་སྲིད་གཞུང་། རྫོང་སྲིད་གྲོས། དེ་མིན་རྫོང་་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཚབ་ཞུས་ཏེ་ཚོགས་ཞུགས་སྐུ་མགྲོན་རྣམས་ལ་དགའ་བསུ་ཞུས། དེ་དང་འབྲེལ་རྒྱལ་རོང་རིག་གནས་ཞིབ་ཕྲའི་སྒོས་ངོ་སྤྲོད་མཛད།  ཁྲིན་ཏེ་ཁེང་གིས་རོང་བྲག་རྫོང་གིས་ངེས་པར་དུ་ཀྲུང་དབྱང་དང་ཞིང་ཆེན་ཁུལ་གྱི་རིག་གནས་འཕེལ་རྒྱས་ཀྱི་སྤྱིའི་ལངས་ཕྱོགས་ལྟར་རྒྱལ་རོང་རིག་གནས་དཔྱད་གླེང་ཚོགས་འདུའི་གོ་སྐབས་དམ་འཛིན་བྱས་ཏེ་གོམ་གང་མདུན་སྤོས་སྒོས་དམིགས་འབེན་གསལ་བོས་རྒྱལ་རོང་ལོ་རྒྱུས་དང་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་ཡག་པོ་བྱས་ཏེ་སྔར་ལས་ལེགས་པའི་སྒོ་ནས་དེང་རབས་དང་འབྱུང་འགྱུར་ལ་ཞབས་འདེགས་ཞུ་དགོས་ཞེས་བསྟན། 
ཚོགས་འདུའི་ཐོག་ཆེད་རམས་པ་དང་མཁས་དབང་ཚོས་རོང་བྲག་རྫོང་གི་དྲིལ་བསྒྲགས་བརྙན་ཐུང་ལ་གཟིགས་ཤིང་། རོང་བྲག་རྫོང་གིས་རྒྱལ་རོང་བོད་རིགས་ཀྱི་ཡུལ་མིའི་སྡོད་ཁང་གི་བཟོ་སྐྲུན་ལ་སྲུང་སྐྱོང་དང་རྒྱུན་འཛིན་སྐོར་ལ་ལས་ཀ་བསྒྲུབས་པར་རྒྱུས་ལོན་བྱས། རོང་བྲག་གི་རྒྱལ་རོང་ཡུལ་མིའི་སྡོད་ཁང་གི་བཟོ་སྐྲུན་སྲུང་སྐྱོང་དང་རྒྱུན་འཛིན་ཞེས་པའི་བརྗོད་བྱར་བཟུང་ནས་བགྲོ་གླེང་མཛད། ས་གནས་ཆེས་རམས་པས་རོང་བྲག་གི་རྒྱལ་རོང་ཡུལ་མིའི་སྡོད་ཁང་འཛུགས་སྐྲུན་ཁྱད་ཆོས་ཁྲོད་གནས་པའི་གཞན་འགྱུར་དང་ད་དུང་སྲུང་སྐྱོང་དང་རྒྱུན་འཛིན་བྱ་དགོས་པའི་ཐདནས་བསམ་འཆར་དང་གྲོས་གཞི་བཏོན།
   དཀར་མཛེས་ཁུལ་དང་རྫོང་གི་འགོ་ཁྲིད་དང་། ཆེད་ཞུའི་ཆེད་རམས་པ་དང་མཁས་དབང་། ས་གནས་དེ་གའི་ཆེད་རམས་པ། རྫོང་རིམ་པའི་འབྲེལ་ཡོད་སྡེ་ཁག་དང་དེ་བཞིན་གཞི་རིམ་ཡུལ་ཤོག་དང་གྲོང་སྡེ་བཅས་ཀྱི་འགན་འཁུར་བ། ཡུལ་མིའི་སྣེ་ལེན་དཔེ་སྟོན་ཁྱིམ་ཚང་གི་འཐུས་མི་ཐེངས་འདིའི་ཚོགས་འདུར་ཞུགས།  བགྲོ་གླེང་ཚོགས་འདུའི་སྟེང་སི་ཁྲོན་རྒྱལ་སྲུང་མཛས་རིས་ཁང་གི་འགན་འཛིན་གཞོན་པ་ཀྲོ་ཧུང་གིས་རྒྱལ་རོང་བོད་རིགས་ཀྱི་རིག་གནས་དར་སྤེལ་དང་ངོ་མཚར་ཆེ་བའི་མཁར་རྫོང་ཡུལ་མིའི་སྡོད་ཁང་རྒྱུན་འཛིན་ཞེས་པའི་ཆེད་མངགས་ཕྱག་བྲིས་ཕུལ་ཏེ་བཀྲ་ཤིས་བདེ་ལེགས་ཞུས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1