སྤྱི་11པའི་ཚེས་1ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་ལ་གློག་འཕྲིན་བཏང་སྟེ་འཚམས་འདྲི་ཞུས། ཨུ་རུ་སིའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཨེ་ཅིབ་ཞི་ལེ་གླེང་ཕྲན་ཕྱེད་མར་ཐང་ལ་ལྷུང་བའི་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་པ་དག་ལ་སེམས་གཏིང་ནས་མྱ་ངན་ཞུས་ཤིང་རྐྱེན་ལམ་དུ་ཤོར་བའི་ཁྱིམ་མིར་ལྷག་བསམ་དག་པའི་འཚམས་འདྲི་ཞུས། ཨུ་རུ་སུའི་མི་དམངས་སྡུག་བསྔལ་གྱི་གནས་སུ་ཡོད་པའི་སྐབས་འདིར་ཀྲུང་གོ་མི་དམངས་བློ་སེམས་འགྱུར་མེད་ངང་ཨུ་རུ་སིའི་མི་དམངས་དང་མཉམ་དུ་ཡོད་པའི་བསམ་ཚུལ་བསྟན།
ཉིན་དེར་ཙུང་ལི་ལི་ཁེ་ཆང་གིས་ཀྱང་གློག་འཕྲིན་གྱིས་ལམ་ནས་ཙུང་ལི་མེའུ་ཏི་ཝེ་ཅེ་ཧྥུ་ལ་འཚམས་འདྲི་ཞུས།།