ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་གྱི་ཚོགས་འདུའི་སྟེང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-04


    སྤྱི་ཟླ་10ཚེས་31ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཚོགས།  ཚོགས་ཐོག་ཏུ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་རང་རེའི་ཞིང་ཆེན་གྱི་བསམ་འཆར་ལག་བསྟར་དོན་འཁྱོལ་བྱེད་ཕྱོགས་ཞིབ་འཇུག་སོགས་བྱས་ལ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་ཚོགས་འདུར་གཙོ་སྐྱོང་གནང་། 
    གྲོས་ཚོགས་ཀྱིས་ངོས་འཛིན་བྱས་དོན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་གཙོ་གནད་དུ་བཟུང་ནས་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་བཀོད་ཀྱི་གྲོས་གཞི་གནད་དོན་ཞིབ་འཇུག་བྱས། འབྲེལ་ཡོད་ཕྱོགས་ཡོངས་བཞིའི་འཐབ་ཇུས་ཀྱི་བཀོད་སྒྲིག་བྱེད་ཚུལ་མཐུན་སྦྱོར་ལ་སྐུལ་འདེད་ཡོང་བ། རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་གཏང་པ། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་དམིགས་ཏེ། མཐའ་འཁྱོངས་བ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གོང་འཕེལ་དང་ལོ་བརྒྱ་གཉིས་ཞེས་པའི་དམིགས་ཚད་མངོན་འགྱུར་ཡོང་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱིས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་དག་ནི་དོན་སྙིང་ཤིན་ཏུ་གལ་ཆེན་ལྡན། 

    ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་པའི་《 གྲོས་གཞི།》ནི་ལོ་བརྒྱ་གཉིས་ཞེས་འབད་འཐབ་དམིགས་ཚད་དང་པོའམ་ལོ་བརྒྱའི་དམིགས་འབེན་ཡིན་ལ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཀྱང་ཡིན། སླད་ཕྱིན་ལོ་ལྔའི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡིན། ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་དགོས། བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་ཐུབ་པ་བྱས་ནས། རང་རྟོགས་རང་བཞིན་དང་སྲ་བརྟན་རང་བཞིན་དོན་འཁྱོལ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། 

    ཚོགས་འདུའི་སྟེང་།  ཉེ་ཆར་ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་འཚོག་སྐབས། ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱ་དགོས་པ་དང་། ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ལ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་བྱ་བ། སི་ཁྲོན་ཞིང་ཆེན་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་སྐོར་གྱི་གྲོས་གཞི་ལ་ཞིབ་འཇུག་བྱ་བ། ཁྱོན་ཡོངས་ནས་རིགས་སྒྱུར་འཕེལ་རྒྱས་ཀྱི་་གསར་གཏོད་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་གཏན་འབེབས་བཅས་གཏན་འཁེལ་བྱས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1