བོད་ཀྱི་རྩོམ་རིག་དང་གེ་སར་རིག་པའི་རིག་ཚན་འཛུགས་སྐྲུན་དཔྱད་གླེང་ཚོགས་འདུ་སི་ཁྲོན་ཁྲེན་ཏུའུ་རུ་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-06


  2015ལོའི་ཟླ་11པའི་ཚེས་6ཉིན། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་མི་རིགས་རྩོམ་རིག་ཞིབ་འཇུག་ཁང་དང་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་གཉིས་ཀྱིས་མཉམ་ཏུ་གཉེར་པའི་བོད་ཀྱི་རྩོམ་རིག་དང་གེ་སར་རིག་པའི་རིག་ཚན་འཛུགས་སྐྲུན་དཔྱད་གླེང་ཚོགས་འདུ་དེ་ཁྲེན་ཏུའུ་གྲོང་ཁྱེར་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོར་དངོས་སུ་འཚོགས་འགོ་ཚུགས།

  རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། རབ་འབྱམས་པའི་མཛུབ་སྟོན་དགེ་རྒན་དོན་འགྲུབ་དབང་འབུམ། སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རབ་འབྱམས་པའི་འཛུབ་སྟོན་དགེ་རྒན་ནོར་བུ་རྒྱལ་མཚན། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་གཞོན་པ། ཀྲུང་གོའི་རྩོམ་པ་པོའི་སྨྱུག་ཚོགས་ལྟེ་གནས་ཀྱི་ཚོགས་གཙོ་བསྟན་འཛིན། སི་ཁྲོན་ཞིང་ཆེན་རིག་གནས་ཐིང་གི་འགན་འཛིན་གཞོན་པ་ཚེ་པོ། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་ཏང་ཨུའུ་ཧྲུའུ་ཅི་པན་ཅིན་དང་སློབ་གཙོ་ཙིན་མིན། སྒྲིག་ཨུའི་ཧྲུའུ་ཅི་ཁུ་ཡོ་སོགས་ཀྲུའུ་ཞིར་སྟེགས་བུར་བཞུགས་ནས་གསུང་བཤད་གནང་།

  དེ་མིན་ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་གེ་སར་རིག་གནས་པ་དང་རྩོམ་པ་པོ་སོགས་མི་260ལྷག་ཚོགས་འདུར་ཞུགས་ཡོད་ལ་ཚོགས་འདུར་འགོ་ཚུགས་པའི་མཛད་སྒོ་དང་འཆད་ཁྲིད། བགྲོ་གླེང་སོགས་རིགས་མང་ཏུ་བགར་ཡོད་པ་དང་ཚོགས་ཡུན་ཉིན་གཉིས་ཡིན།།


རྩོམ་ཡིག་སྔོན་མ།
རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1