ཨ་རིའི་ལོ་ན་97སོན་པའི་རྒན་མོ་ཞིག་དང་མཐོ་འབྲིང་གི་མཐར་ཕྱིན་འཛིན་ཡིག

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-08


  སང་གྷ་ཕོར་གྱི་མཉམ་འབྲེལ་ཞོགས་པའི་ཚགས་པར།ལས་བསྒྲགས་པ་ལྟར་ན། ཨ་རིའི་ལོ་ན་97ལ་སོན་པའི་རྒན་མོ་པེ་ཁེན་མཱ་ནི་མ་གཞི་སྤྱི་ལོ་1936ལོར་མཐོ་འབྲིང་མཐར་ཕྱིན་དགོས་མོད། ཡིན་ཡང་སྐབས་དེར་མོའི་ཨ་མར་སྐྲན་ནད་བྱུང་སྟེ་མོས་ཁྱིམ་སྐྱོང་གི་འགན་མི་ཁུར་ཐབས་མེད་བྱུང་། ནུ་བོ་དང་གཅུང་མོ་གསུམ་པོར་གཉོར་སྐྱོང་བྱེད་དགོས་པས་མོ་སློབ་གྲྭ་འགྲིམ་པའི་རྨི་ལམ་ལ་རྫོགས་ཚིག་བཀོད། རྗེས་ཀྱི་ལོ་ཟླའི་ནང་པེ་ཁེན་མཱའི་སེམས་སུ་མཐོ་འབྲིང་སློབ་མཐར་ཕྱིན་མ་ཐུབ་པའི་འགྱོད་པ་ཆེན་པོ་གསང་ཡོད་པ་རེད། ད་ལོའི་ཟླ་8པར་གཉེན་ཉེ་དག་གིས་ས་གནས་དེ་གའི་མཐོ་འབྲིང་སློབ་གྲྭ་ཞིག་དང་འབྲེལ་བ་བཙུགས་ནས་སློབ་གྲུས་མོ་ལ་པེ་ཁེན་མཱ་ལ་མཐར་ཕྱིན་འཛིན་ཞིག་གནང་པའི་རེ་ཞུ་ཞུས།

  རྒྱུས་ལོན་བྱས་པ་ལྟར་ན། སློབ་གྲྭ་དེས་དོན་སྙིང་གིས་ཕྱུག་པའི་མཐར་ཕྱིན་མཛད་སྒོ་ཞིག་སྤེལ་ཏེ་ཁོ་མོའི་འགྱོད་གདུང་གི་ལོ་ཟླ་མཇུག་རྫོགས་སུ་བཅུག དེའི་མཚུངས་སུ་ཁོ་མོའང་སློབ་གྲྭ་དེ་གའི་ལོ་ན་ཆེས་བགྲེས་པའི་མཐར་ཕྱིན་སློབ་མར་གྱུར་པ་རེད། པེ་ཁེན་མཱ་ཡིས་སྐབས་དེར་ཁྱིམ་ཚང་གི་ཆེད་དུ་ངས་སློབ་སྦྱོང་བསྒྱུར་པ་རེད། ཡིན་ནའང་ང་རང་མཐོ་འབྲིང་གི་སློབ་སྦྱོང་འཚོ་བ་དང་དུས་སྐབས་དེའི་གྲོགས་པོ་ཚོར་སྙིང་ནས་དགའ། ལོ་ཟླར་ཕྱིར་ལྡོག་མེད་ནའང་འདི་ནི་ངའི་སེམས་ཁོངས་ཀྱི་ཆེས་བདེ་སྐྱིད་ཀྱི་ཕྱིར་དྲན་ཞིག་ཡིན་ཞེས་བཤད།། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1