ཀྲང་ཏེ་ཅང་གིས་ཨུ་ཡོན་ཀྲང་གི་ཚོགས་འདུ་ཐེངས་ང་བདུན་པ་ལ་གཙོ་སྐྱོང་གནང་ནས་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-09


    སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གི་ཚོགས་འདུ་ཐེངས་ང་བདུན་པ་ཚེས་4ཉིན་གྱི་ཕྱི་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་ནས་འཚོགས་ཤིང་། ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་གཙོ་སྐྱོང་གནང་།
    ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཆའོ་ཞའོ་དབྱང་གིས་ས་བོན་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྲོས་གཞིའི་བརྡས་ཐག་བཅད་པའི་མ་ཟིན་གྱི་གྲོས་ཞིབ་གནས་ཚུལ་སྐོར་གྱི་སྙན་ཞུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་དབང་སྤྲད་ནས་ས་གནས་ཁག་ཅིག་ཏུ་སྨན་རྫས་ཚོང་རར་འདོན་རྒྱུའི་བཀའ་འཁྲོལ་འཛིན་མཁན་གྱི་ལམ་ལུགས་ཀྱི་ཚོད་ལྟ་བྱེད་ས་སྤེལ་བ་དང་འབྲེལ་ཡོད་གནད་དོན་སྐོར་གྱི་ཆོད་དོན་འཆར་ཟིན་གྲོས་གཞིའི་བརྡས་ཐག་བཅད་པའི་མ་ཟིན་གྱི་གྲོས་ཞིབ་གནས་ཚུལ་གྱི་སྙན་ཞུ་ལ་གསན་པ་རེད།
   ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཅཆན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་དྲུང་། ཡིག་ཆེན་མོ་ཝང་ཁྲེང་གིས་གནང་བའི་《ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གི་ཆོད་ཡིག》ཞེས་པར་ཆོག་མཆན་སྤྲོད་རྒྱུའི་སྐོར་གྱི་ཆོད་དོན་འཆར་ཟིན་གྲོས་གཞིའི་བརྡས་ཐག་གཅོད་པའི་མ་ཟིན་གྱི་གྲོས་ཞིབ་གནས་ཚུལ་གྱི་སྙན་ཞུ་ལ་གསན་པ་རེད།
  ཨུ་ཡོན་ཀྲང་གི་ཚོགས་འདུའི་ཐོག་ཐག་གཅོད་བྱས་དོན། གོང་གསལ་གྱི་འཆར་ཟིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པའི་མཇུག་འགྲིལ་ཚོགས་འདུར་རྩིས་སྤྲོད་བྱས་ནས་བརྡས་ཐག་གཅོད་རྒྱུ་རེད།
    རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལི་ཅན་གོ། ཝང་ཧྲེང་ཅུན། ཁྲེན་ཁྲང་ཀྲི། ཡན་ཅུན་ཆི། ཧྲེན་ཡུའེ་ཡུའེ། ཅི་པིང་ཞོན། བྱམས་པ་ཕུན་ཚོགས། ཨེ་ནེ་གིན· དབྱི་མིང་པ་ཧེ། དབན་ཨོ་ཤང་། ཀྲང་པའོ་ཝུན། ཁྲེང་ཀྲུའུ་ཚོགས་བཅས་འདུར་ཕེབས་ཡོད།
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1