སི་ཁྲོན་གྱི་ཞིང་ཆེན་རིམ་པའི་མང་ཚོགས་ཚོགས་པས་དབུལ་སྐྱོར་གུད་སྐྱོབ་རྣམ་གྲངས་45འགྲེམ་བསྒྲགས་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-11


   སྤྱི་ཟླ་11པའི་ཚེས་9ཉིན། སི་ཁྲོན་ཞིང་ཆེན་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་སྤྱི་ཚོགས་དབུལ་སྐྱོར་ལས་ཀའི་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཁྲེན་ཏུའུ་ནས་འཚོགས། སི་ཁྲོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ལི་ཏེང་ཅུས་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་ཀྱང་གནང་། རང་རེའི་ཞིང་ཆེན་གྱི་དབུལ་སྐྱོར་འགག་སྒྲོལ་ལས་དོན་ཁྱོན་ཡོངས་ལ་ཞབས་ཞུ་དེ་བས་ལེགས་པོ་བསྒྲུབ་ཆེད། ཞིང་ཆེན་རིམ་པའི་མང་ཚོགས་ཚོགས་པའི་སྡེ་ཁག་གིས་དབུལ་ཕོངས་ས་ཁུལ་དང་དཀའ་ངལ་ཡོད་པའི་མང་ཚོགས་ལ་དགོས་མཁོ་སྐོང་བར་ཁེ་ལས་འདུ་སྒྲིལ་དང་ཐེབས་རྩ་ལྷན་ཚོགས་སོགས་སྤྱི་ཚོགས་ཀྱི་སྟོབས་ཤུགས་རྒྱ་ཁྱབ་ཏུ་བཏང་ནས། མ་འོངས་བར་དབུལ་སྐྱོར་དཀའ་སེལ་གྱི་རྣམ་གྲངས་ཁག་གཅིག་ལག་བསྟར་བྱེད་གྲབས་ཡོད་ཅིང་ཚོགས་འདུའི་ཐོག་གཅིག་སྡུད་ཀྱིས་ཡོངས་བསྒྲགས་བྱས། ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ཆེན་རིམ་པའི་སྡེ་ཁག་གིས་བསྡོམས་པས་མང་ཚོགས་ཚོགས་པ་ཁག་གི་དབུལ་སྐྱོར་གུད་སྐྱོབ་ཀྱི་རྣམ་གྲངས་45དང་རྣམ་གྲངས་ཀྱི་དངུལ་གྲངས་སྒོར་ཁྲི་7673.4ལག་བསྟར་ཁྱབ་བསྒྲགས་བྱས་ཤིང་། རྣམ་གྲངས་ཀྱི་ནང་དོན་ནི་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་དང་ལས་ཞུགས་ལས་གཏོད་གསོ་སྦྱོང་། དམིགས་བསལ་ཚོགས་སྤྱིར་སེམས་ཁུར་བྱེད་པ། སྒྲིག་བཀོད་སྒྲིག་ཆས་བཀོད་སྒྲིག་སོགས་ཀྱི་ཐད་དང་འབྲེལ་ཡོད། དུས་མཚུངས་སུ། གུང་གཞོན་སྡེ་ཚོགས་སི་ཁྲོན་ཞིང་ཨུ་དང་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སོགས་ཚན་པས་སྔ་རྗེས་སུ་སི་ཁྲོན་ཞིང་ཆེན་དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་ཅུས་དང་། ཀྲུང་གོ་དབུལ་སྐྱོར་ཐེབས་རྩ་ལྷན་ཚོགས་སོགས་ལ་སྤྱི་ཚོགས་དབུལ་སྐྱོར་བྱེད་པའི་རྣམ་གྲངས་7གྱི་ཆིངས་ཡིག་བཞག རྣམ་གྲངས་ཀྱི་དངུལ་གྲངས་སྒོར་ཁྲི་3843ཟིན་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1