སྤྱི་ཟླ་11 ཚེས་9 ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱི་ཚོགས་འདུ་འཚོགས་ཏེ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་ཞིང་ཆེན་ཏང་ཨུ་དམངས་ཆེན་ལས་ཀའི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་ལག་བསྟར་བྱས་ཏེ་འབྱུང་འགྱུར་གྱི་ལས་ཀར་ཇུས་འགོད་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཏང་ཙུའུ་ཡི་ཧྲུའུ་ཅི་ཁྲེན་ཀོང་ཀྲི་ཚོགས་འདུར་ཞུགས་ཏེ་གསུང་བཤད་གནང་།།