ཀྲང་ཏེ་ཅང་གིས་ཨ་མེ་རི་ཁའི་གྲོས་ཁང་འོག་མའི་གྲངས་ཉུང་ཏང་གི་དབུ་ཁྲིད་ཕེ་ལོའི་ཞི་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-13


  སྤྱི་ཟླ་11པའི་ཚེས་12ཉིན། རྒྱལ་ཡོངས་དམངས་ཆེན་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་མེ་རིའི་གྲོས་ཁང་འོག་མའི་གྲངས་ཉུང་ཏང་གི་དབུ་ཁྲིད་ཕེ་ལོའི་ཞི་དང་མཇལ་འཕྲད་གནང་།

  ཀྲང་ཏི་ཅང་གིས་ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱི་འབྲེལ་བ་ཧ་ཅང་གལ་ཆེན་ཡིན། ཉེ་ལམ། སྲིད་འཛིན་ཨོ་པཱ་མ་ཡིས་གདན་དྲངས་པ་ལྟར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་མེ་རི་ཁར་རྒྱལ་དོན་འཚམས་འདྲི་མཛད་དེ་ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱི་རྣམ་པ་གསར་པའི་རྒྱལ་ཁབ་ཆེན་མོའི་འབྲེལ་བ་མུ་མཐུད་དུ་འཛུགས་སྐྲུན་བྱེད་པར་འཐད་པ་བྱུང་། དེ་མིན་གོམ་གང་མདུན་སྤོས་སྒོས་ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་ཡང་དག་པའི་ཁ་ཕྱོགས་གཏན་ལ་ཕབ་པར་མ་ཟད། ཐུན་མོང་གི་ངོས་འཛིན་བྱུང་སྟེ་ཕྱི་ཕྱོགས་ལ་ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱིས་གྲོས་མོལ་མཉམ་འབྲེལ་ལ་ཤུགས་སྣོན་བྱེད་བཞིན་པའི་གནས་ཚུལ་བསྒྲགས། ཀྲུང་གོ་དམངས་ཆེན་དང་ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱིས་ཕན་ཚུན་ལ་བརྩི་འཇོག་དང་འོས་མཐུན་གྱི་རྨང་གཞིའི་སྟེང་འབྲེལ་འདྲེས་ལ་ཤུགས་སྣོན་དང་རྒྱུས་ལོན་ལ་སྐུལ་འདེད། དངོས་དོན་མཉམ་འབྲེལ་གོང་འཕེལ་དུ་གཏང་པ། དེ་མིན་ཕན་ཚུན་བར་ཡིད་ཆེས་ཇེ་བརྟན་དང་མཉམ་ལས་འཕེལ་རྒྱས་སུ་གཏང་བའི་ལས་ཀ་མང་པོ་བསྒྲུབས་པ་དང་། དེ་མིན་ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱི་འབྲེལ་བར་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་འབྱུང་བར་སྐུལ་འདེད་གཏང་སྟེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་འཛམ་གླིང་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཞེས་བསྟན། 

  ཕེ་ལོའོ་ཞི་ཡིས་རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་བར་མཇལ་འཕྲད་ལ་གྲུས་འབྲས་ཆེན་པོ་བླངས་པར་གདེང་འཇོག་གང་ལེགས་བྱས་པར་མ་ཟད།  རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་འབྲེལ་ཇེ་དམ་དུ་གཏང་བར་རེ་སྒུག་བྱས་ཡོད་ཅེས་བསྟན། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1