སྤྱི་ཟླ་11ཚེས10ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཉེ་ཆར་མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ནས་ཤེས་རྟོགས་བྱས་པར། ཚོང་འདུས་ཀྱི་སྟེགས་བུ་སྐྲུན་པ་དང་། ཞིང་འབྲོག་ཐོན་རྫས་ཕྱིར་ཚོང་བྱེད་པའི་ཐབས་ལམ་རྒྱ་ཆེར་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་ལ་དགུན་དཔྱིད་དང་དུས་ཆེན་གསུམ་ཞེས་ཞིང་འབྲོག་ཐོན་རྫས་ཉོ་སྒྲུབ་བྱེད་པར་སྟབས་བདེ་སྐྲུན། ཞིང་འབྲོག་ལས་ལ་ཕན་ཆེ་་དང་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་མ་གཏོང་བ་བཅས་བྱ་ཆེད། ཟླ་འདིའི་ཚེས25ནས29ཉིན་བར་མངའ་རིས་ས་ཁུལ་གྱིས་ཞིང་འབྲོག་ཐོན་རྫས་ཀྱི་ཚོང་འདུས་སྐབས་དང་པོ་དེ་གཉེར་རྒྱུ་ཡིན།
ཤེས་རྟོགས་བྱུང་བར་གཞིགས་ན། མངའ་རིས་ས་ཁུལ་གྱི་ཞིང་འབྲོག་ཐོན་རྫས་ཚོང་འདུས་སྐབས་དང་པོ་དེ་མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡིས་གཙོ་གཉེར་བྱས་པ་དང་། ས་ཁུལ་ཚོང་དོན་དང་ཞིང་འབྲོག དེ་བཞིན་རྫོང7གྱི་མི་དམངས་སྲིད་གཞུང་གིས་སྒྲུབ་འགན་འཁུར་ནས་སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་ཞིང་འབྲོག་ཐོན་རྫས་ཚོང་འདུས་ཁྲོམ་རར་གཉེར་རྒྱུ་ཡིན། སྐབས་དེར་རྫོང་ཁག་སོ་སོ་ནས་ཐོན་པའི་ཚགས་ཤ་ལུག་ཤ་སོས་པ་དང་། མར། དཀར་ཆུའི་རིགས། ནོར་ལུག་གི་རྩིད་བལ། ཁུ་ལུ། པགས་པ་དང་དེའི་ཐོན་རྫས། རྩམ་པ། པད་ཁའི་སྣུམ། ཤིང་ཏོག་དང་སྔོ་ཚལ་བཅས་དང་དེ་བཞིན་དགུན་དུས་དང་དུས་ཆེན་གྱི་མཁོ་རྫས་བཅས་གཅིག་བསྡུས་ཐོག་འགྲེམ་ཚོང་བྱ་རྒྱུ་ཡིན། །