ཞི་ཅིན་ཕིང་གིས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་འགན་འཛིན་པ་ལང་ཀྲེང་དབྱིན་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-19


ཞི་ཅིན་ཕིང་གིས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་འགན་འཛིན་པ་ལང་ཀྲེང་དབྱིན་དང་མཇལ་འཕྲད་གནང་།

  སྤྱི་ཟླ་11པའི་ཚེས་18ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥི་ལི་ཕིན་གྱི་རྒྱལ་ས་མ་ནི་ལ་ནས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་འབྲེལ་རྩ་འཛུགས་ཀྱི་ཐེངས་ཉེར་གསུམ་པའི་དབུ་ཁྲིད་ཀྱི་དངོས་གཞི་མིན་པའི་གྲོས་ཚོགས་ལ་ཞུགས་པར་ཕེབས་པའི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་འགན་འཛིན་པ་ལང་ཀྲེང་དབྱིན་དང་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་འགན་འཛིན་པ་ལང་ཀྲེང་དབྱིན་དང་མཇལ་འཕྲད་གནང་།

  ཞི་ཅིན་ཕིང་གིས་ལང་ཀྲེང་དབྱིན་གྱི་ཞང་ཀང་གི་ཉེ་ལམ་གྱིས་གནས་བབ་དང་དམིགས་བསལ་སྲིད་ས་ཁུལ་གྱི་སྲིད་གཞུང་ལས་ཀའི་གནས་ཚུལ་གྱི་ཡར་ཞུ་ལ་གསན། ཞི་ཅིན་ཕིང་གིས་ཉེ་ལམ་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་གཞུང་གིས་མགྱོགས་མྱུར་ངང་ལས་ཀའི་གཙོ་གནད་དམངས་འཚོའི་དཔལ་འབྱོར་གྱི་སྟེང་ལ་བབས་སྟེ་ཞང་ཀང་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་ངོས་ལེན་ཐོབ་དགོས། ཀྲུང་དབྱང་སྲིད་གཞུང་གིས་ཤུགས་ཆེན་པོས་སྲིད་འཛིན་འགན་འཛིན་པ་དང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་ལས་ཀར་རྒྱབ་སྐྱོར་བྱ་ངེས། དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་གཞུང་གིས་འཕེལ་རྒྱས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་བསྡུས་ཤིང་དཔལ་འབྱོར་འཕེལ་རྒྱས་གཙོ་གནད་དུ་འཛིན་པ་དང་། དམངས་འཚོ་ལ་སྐུལ་འདེད་དང་འཆམ་མཐུན་ལ་སྐུལ་འདེད་བྱེད་པའི་དུས་མཚུངས་སུ་རྒྱལ་ཁབ་ཀྱི་གཏན་འབེབ་བྱས་པའི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་དང་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་གོ་སྐབས་དམ་འཛིན་བྱས་ཏེ་ཞང་ཀང་གི་འབྱུང་འགྱུར་འཕེལ་རྒྱས་ལ་འཆར་འགོད་ལེགས་པ་བཟོ་དགོས་ཞེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1