སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའི་( རྒྱས་འཛོམས)ཚོགས་འདུ་འཚོགས་ཤིང་། སྐབས་བཅུ་པའི་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-21


    ཉེ་ཆར། སྐབས་བཅུ་གཅིག་པའི་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡིས་རྒྱས་འཛོམས་གྲོས་ཚོགས་ཐེངས་སྐབས་50པ་འཚོགས་ནས།  སྐབས་བཅུ་པའི་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས།  ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི། ཏང་ཙུའུ་ཡི་ཧྲུའུ་ཅི་ཁོ་ཙི་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་།
    ཁོ་ཙི་ཕིང་གིས་བསྟན་དོན། སྐབས་བཅུ་པའི་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་པའི་རྒྱལ་ཁ་རྦད་དེ་ལེན་པའི་དུས་མཚམས་སུ་འཚོགས་པའི་གལ་ཆེའི་ཚོགས་འདུ་ཞིག་ཡིན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་ཝང་ཏུང་མིང་གི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་ནི་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་རིམ་པ་ཁག་གི་རྩ་འཛུགས་དང་། ནང་ཞུགས་ཚན་པ་ཁག་དང་རྒྱ་ཆེའི་ཨུ་ཡོན་ཚོའི་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན།
    ཁོ་ཙིན་ཕིང་གིས་ནན་བཤད་གནང་དོན། སྲིད་གྲོས་ཀྱི་འགན་ནུས་ནས་གཞི་ཚུགས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་ཤུགས་ཆེར་བཏང་ནས་ཁྱད་ནུས་འདོན་སྤེལ་གཏོང་བ་དང་། རང་རེའི་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ཚན་རིག་གིས་འཕེལ་རྒྱས་དང་མགྱོགས་པོའི་ངང་འཕེལ་རྒྱས་གཏོང་ཆེད་བློ་རིག་དང་སྟོབས་ཤུགས་འབུར་བ་བྱ་དགོས། གཙོ་གནད་མངོན་ཆེར་བཟུང་སྟེ་རང་རེའི་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་བཟོ་འགོད་དང་ལག་བསྟར་ལ་དམིགས་ཏེ། མུ་མཐུད་དུ་འབྲེལ་ཡོད་ལས་རིགས་ཁག་གི་ཨུ་ཡོན་རྩ་འཛུགས་བྱས་ནས་བརྟག་དཔྱད་ཞིབ་འཇུག་དང་ལྟ་ཞིབ། ཆེད་དོན་གྲོས་མོལ་བྱས་ཤིང་། རང་རེའི་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རྣམ་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཤུགས་སྣོན་རྒྱག་དགོས། འཕེལ་རྒྱས་ཀྱི་གཞི་རྩ་གསར་གཏོད་བྱེད་པའི་ཐད་ལ་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ནས། ཁྱོན་ཡོངས་ནས་གསར་གཏོད་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་རྒྱུ་དེ་འགན་འཁྲི་ལག་བསྟར་དང་ཤུགས་འདོན་གཙོ་གནད་དུ་བཟུང་ནས། ཧུར་ཐག་སྒོས་ཆབ་སྲིད་གྲོས་མོལ་ལ་ཞུགས་ཏེ། ཞིང་ཆེན་ཏང་ཨུའི་《ཆོད་དོན》དོན་འཁྱོལ་དང་ཕན་ནུས་ཐོན་པར་སྐུལ་འདེད་གཏོང་དགོས།
    ཞིང་ཆེན་ཏང་ཨུའི་སྲིད་གྲོས་ཀྱི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཤིང་། དེ་བས་ངར་ཤུགས་གཅིག་སྒྲིལ་དང་བྱེད་ཐབས་སླར་ཡང་ཁ་སྣོན་བྱས་ནས། ད་ལོའི་ལས་ཀར་མཇུག་བསྡུའི་ཕྱོགས་བསྡོམས་བྱས་པ་དང་། སང་ལོའི་གྲོས་མོལ་འཆར་གཞི་དང་ལས་དོན་གྱི་གཙོ་གནད་ལ་རྒྱང་ལྟ་དང་ཇུས་འགོད་བྱ་དགོས།
    ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་ཡན་ཡུང་ཧོ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཏང་ཙུའི་ཁོངས་མི་ཀོ་ཧྥོང་། ནོར་བུ་རྒྱལ་མཚན་ཚོགས་འདུར་ཞུགས་ཤིང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲིན་ཧྥང་ཚོགས་འདུར་རུ་ཞུགས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1