སྤྱི་ཟླ་11པའི་ཚེས་20ཉིན་སི་ཁྲོན་གསར་འགྱུར་དྲ་བར་དཀར་མཛེས་ཁུལ་ནས་གནས་ཚུལ་འབྱོར་བ་ལྟར་ན། གོམ་གང་མདུན་སྤོས་སྒོས་གྲོང་ཁྱེར་ཏང་ཨུའི་གནད་སྨིན་དབུལ་སྐྱོར་གྱི་ཇུས་གཞི་ལག་བསྟར་མཐའ་འཁྱོལ་བྱེད་ཆེད། དར་མདོ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཐང་ཆང་གིས་སྤྱི་ཟླ་11པའི་ཚེས་16ཉིན་ཅུ་དཀྱིལ་ཡུལ་ཤོག་ཏུ་རྟོག་ཞིབ་སྐབས་ཀྱི་གཏམ་བཤད་ཀྱི་བླང་བྱ་ལྟར། སྤྱི་ཟླ་11པའི་ཚེས་16ནས་ཚེས་18ཉིན་གྱི་བར། གྲོང་ཁྱེར་ཁྲིམས་ཁང་གི་འགོ་གཙོ་ལའོ་ཡུན་གྱིས་ཅུ་དཀྱུལ་ཡུལ་ཤོག་མི་དམངས་སྲིད་གཞུང་གི་གྲོས་ཁང་ནས་སྔ་གཞུག་ཏུ་ཐེངས་གསུམ་ལ་ཡུལ་ཚོ་སོ་སོའི་ཧྲུའུ་ཅི་དང་པོར་རྩ་འཛུགས་བྱས་ནས་གྲོས་ཚོགས་བསྡུས་ཏེ་ཆེད་དོན་ཞིབ་འཇུག་བྱས་ནས་དབུལ་སྐྱོར་ཇུས་གཞི་བཀོད་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་གནད་སྨིན་ཡོང་ཐབས་བྱས། །