མཐའ་བརྒྱད་དང་བྲལ་བའི་ཉམས་མགུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22



༅༅།།ཧོ་ཧོ།།མཐའ་བརྒྱད་དང་བྲལ་བའི་འོད་གསལ་གྱི་ཀློང་དུ།།ཡིད་དཔྱོད་ཀྱི་ཞེན་འཛིན་རང་གྲོལ་དུ་དག་སོང་།།རང་བྱུང་གི་རིག་པ་བཟོ་མེད་ཁོ་མཐོང་ནས།།འབད་རྩོལ་གྱི་སྤུ་རིས་བྲི་འདོད་ཅིག་མེད་དོ།།འཛིན་སྟངས་ནི་མི་འདུག་གཉུག་མ་ཡི་དྲན་རིག།བཟོ་བཅོས་ནི་མི་དགོས་གཏད་མེད་ཀྱི་ཤེས་པ།།དཔྱད་སྒོམ་ནི་མི་བྱེད་རང་བཞག་གི་ཆོས་ཉིད།།མཐའ་བྲལ་གྱི་ཀློང་དུ་ཆམ་བདལ་དུ་སོང་ངོ་།།གནས་པ་དང་འགྱུ་བའི་ཤན་འབྱེད་ཀྱིས་མ་བྲེལ།།མངོན་འགྱུར་དང་ལྐོག་འགྱུའི་རྩིས་གདབ་ཀྱང་མ་དགོས།།གསལ་འགྲིབ་དང་བྲལ་བའི་ཀློང་ཆེན་གྱི་དགོངས་པ།།དམིགས་གཏད་ཀྱི་མཚན་མ་ཞིབ་དེ་སྐྱིད་དོ།།སྣང་བ་ལ་སྟོང་བས་རྗེས་འདེབས་ཀྱང་མ་ཡིན།།སྟོང་བ་དང་སྣང་བ་རེས་འཇོག་ཀྱང་མ་དགོས།།ཀ་དག་དང་ལྷུན་གྲུབ་དབྱེར་མེད་ཀྱི་དགོངས་ཀློང་།།ཕྱོགས་འཛིན་གྱི་མདུད་པ་རང་ཞིག་ཏུ་ཐལ་ཐལ།།རྣམ་རྟོག་ལ་སྒོམ་དུ་རེ་བ་དེས་ཅི་བྱ།།རྟོག་མེད་ཀྱི་སྙོམས་འཇུག་དེ་འདྲས་ཀྱང་ཅི་ལྟོ།།རྟོག་བཅས་དང་རྟོག་མེད་འཛིན་རྩོལ་ལས་འདས་པའི།།སྒོམ་མེད་འདི་སྒོམ་གྱི་དྲག་ཤོས་ཡང་ཡིན་ནོ།།འཁྲུལ་རྟོག་གི་ལྟད་མོས་བསླུས་པ་ཡང་མིན་མོད།།ཡུལ་སྣང་གི་འཆར་ཆ་ནུབ་པའང་མ་ཡིན།།ནང་གསལ་གྱི་རིག་པ་འཛིན་མེད་བཞུགས་དེས།།གཟུང་འཛིན་གྱི་རི་བོ་རྨིང་སྒྱེལ་ཞིག་བྱས་སྐད།།བྲག་གསེབ་ཀྱི་སྒོམ་ཆེན་འདི་འདྲ་རང་གསུངས་གདའ།།སྤྲས་པོས་ནི་རྫོགས་ཆེན་རྟོགས་དུས་ཞིག་ནམ་ཡོད།།འོན་ཀྱང་ནི་བླ་མ་པད་འབྱུང་དེའི་དྲིས་ལས།།རིག་སྟོང་གི་ཆོས་སྐུའི་གཏན་སྲིད་ཀྱང་འཛིན་ཐང་།།ཞེས་འཇིགས་མེད་པས་སོ།།



རྩོམ་ཡིག་སྔོན་མ།
མགུར་དབྱངས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1