སྤྱི་ཟླ་11པའི་ཚེས་19ཉིན་ནས་བཟུང་། རྔ་བ་རྫོང་གི་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་མང་ཚོགས་དྲིལ་བསྒྲགས་སློབ་གསོ་སྲིད་ཇུས་ཁྲིམས་ལུགས་སྒྲོག་འགྲེལ་དང་ཚན་རྩལ། འཕྲོད་བསྟེན། རིག་གནས། བཅའ་ཁྲིམས་བཅས་གཞི་རིམ་དུ་སྤེལ་པའི་གཤམ་སྤེལ་བཞིའི་བྱེད་སྒོ་སྤེལ་འགོ་ཚུགས། བྱེད་སྒོ་སྤེལ་ནས་ཉིན་བཅུ་ཙམ་གྱི་རིང་ལ་རྫོང་དེས་བློ་ཞིབ་མོས་སྒྲིག་བཟོ་བྱས་པའི་ཁུག་མའི་ཀློག་དེབ་ལ་ས་དེའི་མང་ཚོགས་ཀྱི་དགའ་བསུ་ཐོབ།
གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ཁུག་མའི་ཀློག་དེབ་ནི་ལག་མཐིལ་གྱི་ཆེ་ཆུང་གི་དྲིལ་བསྒྲགས་དེབ་ཆུང་ཞིག་ཡིན་ལ་བོད་རྒྱ་སྐད་གཉིས་ཀྱིས་རྩོམ་སྒྲིག་བྱས་ཡོད། ནང་དོན་ལ་འཚོ་བའི་རྒྱུན་ཤེས་དང་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲན་སྐུལ། ཀྲུང་དབྱང་དང་ཞིང་ཆེན་གྱི་བོད་ཁུལ་ལས་ཀའི་ཚོགས་འདུའི་དགོངས་དོན་འགྲེལ་ཀློག དབུལ་སྐྱོར་འགག་སྒྲོལ་སྲིད་ཇུས་སོགས་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་ཕྱོགས་སོ་སོ་འདུས་ཡོད།།