ཞི་ཅིན་ཕིང་གིས་ནི་ཇེ་རི་ཡའི་སྲིད་འཛིན་པོའོ་ཧ་ལི་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-06


  སྤྱི་ཟླ་12 ཚེས་4 ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོའུ་ཧན་ནེའུ་སི་པོའོ་ནས་ནི་ཇེ་རི་ཡའི་སྲིད་འཛིན་པོའོ་ཧ་ལི་དང་མཇལ་འཕྲད་གནང་། 

  སྤྱི་ཟླ་12 ཚེས་4 ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོའུ་ཧན་ནེའུ་སི་པོའོ་ནས་ནི་ཇེ་རི་ཡའི་སྲིད་འཛིན་པོའོ་ཧ་ལི་དང་མཇལ་འཕྲད་གནང་། 


  སྤྱི་ཟླ་12 ཚེས་4 ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོའུ་ཧན་ནེའུ་སི་པོའོ་ནས་ནི་ཇེ་རི་ཡའི་སྲིད་འཛིན་པོའོ་ཧ་ལི་དང་མཇལ་འཕྲད་གནང་། 

  ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ནས་ཀྲུང་གོ་དང་ནི་ཇེ་རི་ཡའི་འབྲེལ་བར་མཐོང་ཆེན་བྱེད་བཞིན་ཡོད། ནི་ཇེ་རི་ཡི་དང་མཉམ་དུ་འབད་པ་ཆེན་པོས་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་འབྲེལ་བ་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བར་འཆར་གཞི་འགོད་པ་དང་སྟོབས་ཤུགས་གསར་པ་བསྣན་འདོད། ཕྱོགས་གཉིས་ཀྱིས་སྲོལ་རྒྱུན་མཛའ་འབྲེལ་དང་དཔལ་འབྱོར་ཁ་གསབ་ཀྱི་ཁྱད་ཆོས་འདོན་སྤེལ་བྱས་ཏེ་ཆབ་སྲིད་ཡིད་ཆེས་སྲ་བརྟན་དང་ཁྱབ་ཁོངས་སོ་སོའི་འབྲེལ་མཐུན་འགྲོ་འོང་དང་རྨང་གཞིའི་སྒྲིག་བཀོད་། བཟོ་ལས་ཁུལ། ཐོན་ལས་སྦྲེལ་མཐུད། ཐོན་ཁོངས་གསར་འབྱེད། ལས་སྣོན་ལས་རིགས། ཞིང་ལས་དེང་རབས་ཅན་སོགས་ཁྱབ་ཁོངས་ཀྱི་མཉམ་འབྲེལ་གཏིང་ཟབ་ཏུ་སྤེལ་དགོས། དེ་མིན་ཕྱོགས་གཉིས་ཀྱིས་བདེ་འཇགས་དང་རྒྱལ་སྤྱིའི་མཉམ་འབྲེལ་ལ་ཤུགས་སྣོན་བྱས་ཏེ་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་གལ་ཆེན་ཐད་ནས་འབྲེལ་འདྲིས་དང་འོས་བསྟུན་བྱེད་པ་དང་ཀྲུང་གོ་དང་ཧྥེ་གླིང་བཅས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ལ་འགན་སྲུང་བྱ་དགོས་ཞེས་བསྟན།

  པོའོ་ཧ་ལི་ཡིས་ནི་ཇེ་རི་ཡ་དང་ཀྲུང་གོས་མཐོ་རིམ་འབྲེལ་འདྲིས་གཏིང་ཟབ་ཏུ་སྤེལ་རྒྱུ་དེ་ཧ་ཅང་གལ་འགངས་ཆེ། ཀྲུང་གོའི་ཕྱོགས་ནས་དུས་ཡིན་རིང་བོར་ནི་ཇེ་རི་ཡར་རོགས་འདེགས་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད། ཁྱད་པར་དུ་ཀྲུང་གོའི་ཕྱོགས་ནས་ཞིང་ལས་དང་རྨང་གཞིའི་སྒྲིག་བཀོད་ལས་གཞིའི་ཐད་ནས་ནི་ཇེ་རི་ཡར་རོགས་སྐྱོར་བྱས་ཏེ་ནི་ཇེ་རི་ཡའི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་ཐད་ལ་ནུས་པ་གལ་ཆེན་བཏོན། ནི་ཇེ་རི་ཡའི་ཕྱོགས་ནས་ཀྲུང་གོའི་དཔལ་འབྱོར་དང་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་འབྲེལ་ལ་མུ་མཐུད་དུ་ཤུགས་སྣོན་བྱ་འདོད་ཅེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1