ལི་ཐང་རྫོང་གིས་མུའུ་ཁྲི་ཡི་འདེབས་འཛུགས་རྟེན་གཞིའི་འཛུགས་སྐྲུན་གཞི་རྩའི་ཆ་ནས་གྲུབ།
ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ། ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 12-07
སྤྱི་ཟླ་12པའི་ཚེས3ཉིན། ལི་ཐང་རྫོང་འཛམ་གླིང་མཐོ་སྒང་རང་བྱུང་ཟས་རིགས་ཚད་ཡོད་སྤྱི་གཉེར་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ལི་ཐང་རྫོང་གནས་མཆོག་ཞིང་གྲོང་ས་མཐོའི་འདེབས་འཛུགས་རྟེན་གཞི་ནས་ལོ་གཅིག་གི་སྔོན་དུ་ལྟེ་བའི་ཁུལ་གྱི་མུའུ་6500ཡི་འདེབས་འཛུགས་ལས་ཀ་བསྒྲུབས། མུའུ་ཁྲི་ཡི་འདེབས་འཛུགས་རྟེན་གཞིའི་འཛུགས་སྐྲུན་གཞི་རྩའི་ཆ་ནས་གྲུབ་ཟིན།
ལོ་ཧྲིལ་པོའི་ཞིང་ལས་ཐོན་རྫས་སྣ་ཚོགས་ཀྱི་ཐོན་སྐྱེད་གྲངས་འབོར་ཏུན་1200ཟིན་ལ། འདེབས་འཛུགས་ཡོང་འབབ་སྒོར་ཁྲི་610ཟིན། ལས་སྣོན་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི་2200མངོན་འགྱུར་བྱུང་ཡོད་ལ། བྲིན་ཚོང་ཡོང་འབབ་སྒོར་ཁྲི་1100མངོན་འགྱུར་བྱུང་ཡོད། དྲ་ལམ་གྱི་ཡོང་སྒོ་སྒོར་ཁྲི་583མངོན་འགྱུར་བྱུང་།།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1