ལྕགས་ཟམ་ཁ་རྫོང་གིས་རྒྱལ་ཁབ་རྩ་ཁྲིམས་ཉིན་མོ་དང་རྒྱལ་ཡོངས་ཁྲིམས་ལུགས་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ།

ཟླ་བ་བསམ་འགྲུབ་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཟླ་བ་བསམ་འགྲུབ།ཡོང་ཁུངས།སི་ཁྲིན་གསར་འགྱུར་དྲ་བ། སྤེལ་དུས། 12-07


  སྤྱི་ཟླ་12ཚེས་4ཉིན། སྐབས་གཉིས་པའི་རྒྱལ་ཁབ་རྩ་ཁྲིམས་དྲིལ་བསྒྲགས་ཉིན་མོ་དང་ཐེངས་བཅོ་ལྔ་པའི་རྒྱལ་ཡོངས་ཁྲིམས་ལུགས་དྲིལ་བསྒྲགས་ཉིན་མོ་ཐོན་ལ་ཉེ་བའི་དུས་སུ་ལྕགས་ཟམ་ཁ་རྫོང་གིས་རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་གཏང་སྟེ་གསར་གཏོད་དང་འོས་མཐུན། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏང་ཞེས་པའི་བརྗོད་དོན་དམིགས་སུ་བཟུང་སྟེ་རྒྱལ་ཁབ་རྩ་ཁྲིམས་ཉིན་མོ་དང་རྒྱལ་ཡོངས་ཁྲིམས་ལུགས་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ།

  རྒྱུས་ལོན་བྱུང་བ་ལྟར་ན། དྲིལ་བསྒྲགས་བྱེད་སྒོར་ལྕགས་ཟམ་ཁ་རྫོང་གིས་ཁྲིམས་ལྟར་རྫོང་བསྐྱང་བའི་གཞུང་སྒྲུབ་ཁང་དང་རྫོང་ཨུའི་དྲིལ་བསྒྲགས་པུའུ། རྫོང་ཁྲིམས་ལུགས་འཛུགས་སྐྱོང་འགོ་ཁྲིད་ཚན་ཆུང་གི་གཞུང་སྒྲུབ་ཁང་སོགས་ཀྱི་སྡེ་ཁག་སོ་སོའི་རང་རང་གི་ལས་ཀའི་ཁྱད་ཆོས་དམིགས་སུ་བཟུང་སྟེ་རྩ་ཁྲིམས།དང་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས།》《སྲིད་འཛིན་གཏུག་བཤེར་བཅའ་ཁྲིམས། 》《བདེ་འཇགས་ཐོན་སྐྱེས་བཅའ་ཁྲིམས།》《ངལ་རྩོལ་གན་རྒྱའི་བཅའ་ཁྲིམས། དེ་མིན་ཟས་རིགས་བདེ་འཇགས་སྐོར་གྱི་བཅའ་ཁྲིམས།དང་སྤྱི་ཚོགས་འགན་སྲུང་བཅའ་ཁྲིམས།བཅས་ཁྲིམས་གསར་པ་སོགས་ཁྲིམས་ལུགས་དང་ཤེས་བྱའི་ཐད་ཀྱི་ཤེས་བྱ་སྒྲོག་འགྲེལ་བྱས།

  ཐེངས་འདིའི་དྲིལ་བསྒྲགས་བྱེད་སྒོའི་སྟེང་བསྡོམས་པའི་དྲིལ་བསྒྲགས་རླངས་འཁོར་5བཀོད་སྒྲིག་བྱས་པ་དང་ཡུལ་དངོས་སུ་རིགས་མི་འདྲ་བའི་དྲི་བ་100ལྷག་ལ་ལན་བཏབ། དེ་མིན་ཁྲིམས་ལུགས་དྲིལ་བསྒྲགས་རྒྱུ་ཆ་10000ལྷག་འགྲེམ་སྤེལ་དང་འཕྲེད་འགེལ་བྱང་བུ་23དང་འགྲེམ་བྱང་12བཅས་བཀོད་སྒྲིག་བྱས་ཏེ་དམངས་ཚོགས་ཀྱི་འཚོ་བ་དང་འབྲེལ་བའི་ཁྲིམས་ལུགས་ཤེས་བྱ་དྲིལ་བསྒྲགས་བྱས།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1