གློག་བརྙན་བརྙན་ཐུང《སྲོད་འཇགས》བདེ་བླག་ངང་ཕབ་སྐྲུན་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-09


  གློག་བརྙན་བརྙན་ཐུང《སྲོད་འཇགས》ཞེས་པའི་དྲིལ་སྒྲོག་པར་རིས།

  ཕབ་སྐྲུན་ཡུལ་དངོས།

 

  གློག་བརྙན་བརྙན་ཐུངསྲོད་འཇགསབདེ་བླག་ངང་ཕབ་སྐྲུན་བྱས་པ།

  ཉེ་ལམ། གུ་གེ་བརྙན་རིས་མཐོང་ཚོར་ལས་སྒྲུབ་ཁང(པེ་ཅིན)དང་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཨ་མ་ལོ་ལོ་རིག་གནས་སྒྲོག་སྤེལ་ཚད་ཡོད་འགན་ལེན་ཀུང་ཟིས་མཉམ་དུ་ཕབ་སྐྲུན་བྱས་ཤིང་། བོད་རིགས་ན་གཞོན་འཁྲབ་ཁྲིད་པ་རྟ་མགྲིན་རྡོ་རྗེས་འཁྲབ་ཁྲིད་བྱས་པའི་ཀུན་ཕན་གློག་བརྙན་བརྙན་ཐུངསྲོད་འཇགསཞེས་པ་ཡུལ་ཤུལ་དུ་བདེ་བླག་ངང་ཕབ་སྐྲུན་བྱས། བརྙན་ཐུང་འདིར་བོད་ཁུལ་ཏུ་མིང་དུ་གྲགས་པའི་གངས་རིའི་བླ་སྲོག་ཚན་སྡེབ་ཀྱི་སྟག་མོ་སྐྱིད་ཀྱིས་འཁྲབ་སྟོན་པ་གཙོ་བོའི་འགན་བླངས།

  གློག་བརྙན་འདིའི་མིའི་རིགས་ཀྱི་རང་རྒྱུད་དུ་མངའ་བའི་བྱམས་དང་སྙིང་རྗེ་བརྗོད་སྙིང་དུ་བཟུང་ནས། རྒན་གསོ་ཁང་གི་རྒན་རྒོན་གཉིས་འབྲལ་མེད་མཉམ་གནས་དང་། ཁ་སེམས་གཉིས་མཐུན་ངང་ཚེ་མཇུག་ཏུ་བརྩེ་དུང་གི་དྭངས་མ་མྱོང་བའི་གཏམ་རྒྱུད་ཅིག་བརྗོད་པ་དང་། མཚོ་མོས་ལྷག་བསམ་གྱིས་བདག་སྐྱོང་ཁྲོད་ཁོ་ཚོའི་འཚོ་བ་ནི་དྲོད་ཁོལ་དང་དགའ་སྤྲོའི་ཁེངས་འདུག་མོད། ཉིན་ཞིག་གློ་བུར་དུ་ཨ་ཡེ་ལྷ་མོའི་དྲན་མ་ཉམས་པས་ཁོ་ཚོའི་ལྷིང་འཇགས་ཀྱི་འཚོ་བ་དཀྲོགས། ཨ་ཡེ་ལྷ་མོས་ཆེས་མཛེས་སྡུག་གི་འཛུམ་མདངས་དང་དོན་དག་ཡོད་ཚད་བརྗེད་པ་མ་ཟད། བརྗེད་ནད་ཉིན་རེ་ནས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་དང་། ཧོན་བཤད་ཡང་བཤད་འགོ་བརྩམས། ཨ་མྱེས་རྡོ་རྗེ་དང་མཚོ་མོ་གཉི་ཀས་ཐབས་བརྒྱ་ཇུས་སྟོང་གིས་ཁོ་མོའི་ཚེ་མཇུག་གི་འཚོ་བར་རོགས་རམ་དང་བྱམས་བརྩེས་བསྐྱངས། 

  བརྙན་འདིའི་འཁྲབ་ཁྲིད་པ་རྟ་མགྲིན་རྡོ་རྗེས་གསར་འགོད་པར་བཤད་རྒྱུར། ཨ་མྱེས་རྡོ་རྗེ་དང་ཨ་ཡེ་ལྷ་མོའི་བརྩེ་དུང་ལ་གཞོན་དུས་ཀྱི་མཚེར་བག་དང་། ལོ་ཟླའི་ཁྲོད་བསགས་པའི་བརྩེ་འདང་ཡོད། གཞོན་དུས་ཀྱི་བརྩེ་དུང་གི་ཕངས་སེམས་ལྷག་མ་ལུས་པའི་རྐྱེན་གྱིས་ཚེ་སྲོག་གི་མཐའ་མཇུག་ཏུའང་ཕན་ཚུན་ལག་ཟུང་དམ་པོར་བཅིངས་ཏེ། ནད་དང་འཆི་བའི་སྡུག་བསྔལ་འཛུམ་གྱིས་བསུས། དེ་མཚུངས་སུ་ང་ཚོས་ཁོ་ཚོ་འཚོ་དུས་སུ་ཁོ་ཚོའི་སྒྲུབ་འདོད་པ་ལ་མཐུན་རྐྱེན་བསྐྲུན་ནས་ཁོ་ཚོར་སྤྲོ་སྣང་དང་དྲོད་ཁོལ། འོད་སྣང་སྦྱིན་ན་དེ་ནི་དགེ་བའི་ལས་ཤིག་ཅི་ལ་མིན། འདིས་བོད་རིགས་ཀྱིས་བརྩེ་དུང་དང་དད་མོས་ལ་བཅིངས་བའི་དགའ་སྐྱོ་ཆགས་སྡང་མཚོན།  བརྩེ་བ་སླེབས་པ་འཕྱི་ཡང་། དུང་བའི་མངར་ཁ་ཞིམ། ཕལ་བའི་མི་ཚེ་ཁྲོད་ན་འཛུམ་མདངས་རྒས་མེད་ཅིག་དན་རྟགས་སུ་ལུས།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1