སྤྱི་ཟླ་12པའི་ཚེས་7ཉིན་གྱི་ཕྱི་དྲོ་ཆུ་ཚོད་3སྟེང་། རྔ་བ་རྫོང་རྨེ་སྐོར་ཡུལ་ཚོའི་བོད་རིགས་ཡུལ་མི་སྒང་མེ་གྲོགས་པོ་འགའ་དང་མཉམ་དུ་རྔ་བ་རྫོང་འཁོར་རིགས་དོ་དམ་ཡན་ལག་ལས་གཉེར་ཁང་དུ་སོང་ནས་རླངས་འཁོར་ཁ་ལོ་བའི་ཡིག་རྒྱུགས་གཞུང་ལུགས་ཀྱི་བོད་ཡིག་རྒྱུགས་ལེན་ནང་ཞུགས། ཉིན་དེར། རྔ་བ་རྫོང་ནས་རླངས་འཁོར་ཁ་ལོ་བའི་འཛིན་ཡིག་གི་གཞུང་ལུགས་ཡིག་རྒྱུགས་བོད་ཡིག་གི་ལམ་ནས་ལེན་པ་དངོས་སུ་འགོ་ཚུགས་པ་རེད།