ལི་ཁེ་ཆང་གིས་ཨ་ཟེར་བྷེ་ཇན་གྱི་སྲིད་འཛིན་ཨ་ལི་ཡེས་ཧྥུ་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-11


  སྤྱི་ཟླ་12པའི་ཚེས་10ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཨ་ཟེར་བྷེ་ཇན་གྱི་སྲིད་འཛིན་ཨ་ལི་ཡེས་ཧྥུ་དང་མཇལ་འཕྲད་གནང་།

  ལི་ཁེ་ཆང་གིས་ཀྲུང་གོ་དང་ཨ་ཟེར་བྷེ་ཇན་གཉིས་ཀྱི་འབྲེལ་བ་བཙུགས་པའི་ཚུན་ལ་ཕྱོགས་གཉིས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་ཚུལ་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་གཉིས་ཀྱི་རྒྱུན་མཐུན་འབྲེལ་བ་འཕེལ་རྒྱས་སུ་བཏང་། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཡིད་ཆེས་རྒྱུན་ཆད་མེད་པར་སྲ་བརྟན་དང་གཉིས་ཕན་མཉམ་འབྲེལ་ལ་གྲུབ་འགྲུབ་ལེགས་པོ་བླངས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྱེད་དང་གྲོས་མོལ་མཛད་པ་དེས་ཀྲུང་གོ་དང་ཨ་ཟེར་བྷེ་ཇན་གཉིས་ཀྱི་འབྲེལ་བར་སྟོབས་ཤུགས་གསར་པ་བསྣོན་ངེས་ཞེས་བསྟན།

  ལི་ཁེ་ཆང་གིས་དེང་སྐབས་ཀྲུང་གོ་དང་ཨ་ཟེར་བྷེ་ཇན་གཉིས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དེ་གནད་འགག་གི་དུས་སྐབས་སུ་འཁེལ་འདུག་པས་འཕར་སྣོན་གཏན་འཇགས་དང་སྒྲིག་གཞི་བཅོས་སྒྲིག དམངས་འཚོ་ལེགས་བཅོས་བཅས་ཀྱི་འོས་འགན་ལ་གདོང་གཏོད་དགོས། ཀྲུང་གོ་ཕྱོགས་ནས་ཨ་ཟེར་བྷེ་ཇན་དང་མཉམ་དུ་སྔར་ལས་ལེགས་པའི་སྒོ་ནས་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་བྱས་ཏེ་བཟོ་ཚོང་དང་ནུས་ཁོས་སོགས་ཁྱབ་ཁོངས་ཀྱི་མཉམ་འབྲེལ་སྔོག་འདོན་དང་འཕར་ཚད་གསར་པ་གསོ་སྐྱོང་བྱེད་པ་དང་། དེ་མིན་ཐོན་ལས་དང་རྨང་གཞིའི་སྒྲིག་བཀོད་འཛུགས་བསྐྲུན་སོགས་ཀྱི་མཉམ་འབྲེལ་ལ་ཤུགས་སྣོན་བྱས་ཏེ་ཨ་ཟེར་བྷེ་ཇན་བཟོ་ལས་ཅན་དུ་འགྱུར་བར་རོགས་འདེགས་བྱ་ངེས། མི་ཆོས་རིག་གནས་བརྗེ་རེས་ལ་གཏིང་ཟབ་ཏུ་སྤེལ་ཏེ་སློབ་གསོ་དང་རིག་གནས། ཡུལ་སྐོར་ལས་རིགས་ཁྱབ་ཁོངས་ཀྱི་མཉམ་འབྲེལ་ལ་སྐུལ་འདེད་གཏང་འདོད་ཅེས་བསྟན།

  ཨ་ལི་ཡེས་ཧྥུ་ཡིས་ཨ་ཟེར་བྷེ་ཇན་གྱིས་ཀྲུང་གོ་གྲོགས་པོ་བཟང་པོར་ངོས་འཛིན་བྱེད་བཞིན་ཡོད། ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་གཏང་རྒྱུའི་སེམས་འདུན་དྲག་པོ་ཡོད་ལ་ཚད་མཐོ་བའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་དང་ཁྱབ་ཁོངས་སོ་སོའི་མཉམ་འབྲེལ་ལ་ཤུགས་སྣོན་བྱ་འདོད། ཨ་ཟེར་བྷེ་ཇན་ཕྱོགས་ནས་ཀྲུང་གོའི་ཁེ་ལས་ཀྱིས་ཨ་ཟེར་བྷེ་ཇན་ལ་མ་དངུལ་བཞག་སྟེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་བཟོ་ལས་ཁུལ། ནུས་ཁོངས་སོགས་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ལ་ཟབ་ཞུགས་བྱེད་པར་དགའ་བསུ་བྱ་ངེས། དེ་མིན་ཨ་ཟེར་བྷེ་ཇན་ཕྱོགས་ནས་མཁའ་སྤྱོད་དང་ཆ་འཕྲིན་ལག་རྩལ་སོགས་ཚན་རྩལ་ཁྱབ་ཁོངས་ཐད་ནས་ཀྲུང་གོར་དང་མཉམ་འབྲེལ་བྱ་འདོད་པར་མ་ཟད། རིག་གནས་དང་སློབ་གསོ་སོགས་མི་ཆོས་བརྗེ་རེས་ལ་སྐུལ་འདེད་གཏང་སྟེ་རྒྱབ་ཁབ་གཉིས་ཀྱི་མི་སྣ་འགྲོ་འོང་ལ་སྟབས་བདེ་བསྐྲུན་འདོད་ཅེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1