བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་འཐུས་མིའི་བཞུགས་མོལ་ཚོགས་འདུ་ཁྲེན་ཏུའུ་རུ་འཚོགས།
ཚེ་བརྟན་སྒྲོལ་མ། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 12-17
སྤྱི་ཟླ་12པའི་ཚེས་15ཉིན། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཁྲེན་ཏུའུ་རུ་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་འཐུས་མིའི་བཞུགས་མོལ་ཚོགས་འདུ་འཚོགས། ཚོགས་འདུའི་སྟེང་ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། མི་རིགས་ལས་ཀའི་གྲོས་ཚོགས་དང་ཀྲུང་དབྱང་གི་བོད་ཀྱི་ལས་ཀའི་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ། ཞིང་ཆེན་ཏང་ཨུའི་བོད་ཁུལ་ལས་ཀའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཚའེ་པོ་ཧ་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་།
བཞུགས་མོལ་ཚོགས་འདུའི་སྟེང་། སི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་དང་རྔ་བ། ལའང་ཧྲན་བཅས་ཁུལ་གསུམ་ནས་ཡོང་བའི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་འཐུས་མི་ཁག་གཅིག་གིས་གཏམ་བཤད་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་བྱས་པའི་ཚོར་སྣང་དང་མྱོང་ཚོར་གླེང་། བོད་བརྒྱུད་ནང་བསྟན་གྱི་བསྒྱུར་བཅོས་དང་། རྒྱུད་འཛིན་ཁྲོད་ཀྱི་གནད་དོན་འབུར་ཐོན་ཐད་ལ་དམིགས་ཏེ་བསམ་འཆར་བརྗེ་རེས་བྱས། གྲོས་ཚོགས་མཇུག་རྫོགས་རྗེས་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་བཀོད་སྒྲིག་ལྟར། འཐུས་ཚབ་མི་སྣ་དག་ས་ཆ་གཞན་ལ་ལྟ་སྐོར་དང་སློབ་སྦྱོང་བྱེད་དུ་འགྲོ་རྒྱུ་རེད།།