སྤྱི་ཟླ་12པའི་ཚེས་21ཉིན། སྐབས་བརྒྱད་པའི་སི་ཁྲོན་ཞིང་ཆེན་པྰ་ཧྲིལ་རིག་རྩལ་གཟེངས་རྟགས་སྤྲོད་པའི་ཚོགས་ཆེན་ཁྲེན་ཏུའུ་ནས་འཚོགས། སི་ཁྲོན་གྱི་ཟློས་གར་《རྡུལ་འཚུབ་དྭངས་སོང་།》དང་ཞབས་བྲོ་《ཨ་མའི་གཙང་པོ།》སོགས་ཀྱི་རྩོམ་པ་པོར་གཟེངས་རྟགས་གནང་།
པྰ་ཧྲིལ་རིག་རྩལ་གཟེངས་རྟགས་ནི་སི་ཁྲོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཆོག་མཆན་ཐོབ་ནས་བཙུགས་པ་ཡིན་ལ། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྩ་འཛུགས་ལག་བསྟར་བྱས། དེ་ནི་ཞིང་ཆེན་ཡོངས་ཀྱི་ཚད་མཐོ་ཤོས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་རིག་རྩལ་གཟེངས་རྟགས་སྤྲོད་རྒྱུའི་དཔྱད་བསྡུར་རྣམ་གྲངས་རིགས་ཤིག་དང་ལོ་གསུམ་རེའི་ནང་ཐེངས་རེ་བདམས་པ་རེད། སྐབས་འདིའི་བྱ་དགའ་སྤྲོད་རྒྱུའི་དཔྱད་བསྡུར་ད་ལོའི་སྤྱི་ཟླ་3པ་ནས་འགོ་ཚུགས་ཤིང་ཟླ་བ་10ཡི་རིང་ལ་དཔྱད་བསྡུར་ནང་ཞུགས་པའི་བརྩམས་ཆོས་2000ཙམ་འབྱོར། དེའི་ནང་ཟློས་གར་དང་རོལ་དབྱངས། རི་མོ་། བྲིས་གཟུགས། དམངས་ཁྲོད་རིག་རྩལ་སོགས་རིག་རྩལ་12ཚུད་ཡོད།།