གངས་ཀྱི་འགྲེམ་སྟོན་སྟེང་འཛམ་གླིང་གི་ཆེས་མཐོ་ཤོས་ཀྱི་གངས་བརྐོས་བཟོ་སྐྲུན་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-27


      སྤྱི་ཟླ་12པའི་ཚེས24ཉིན། སྐབས་28པའི་ཧ་ཨར་པིན་གྲོང་ཁྱེར་གྱི་ཉི་མ་གླིང་ཕྲན་རྒྱལ་སྤྱིའི་གངས་བརྐོས་སྒྱུ་རྩལ་འགྲེམ་སྟོན་ཚོགས་གླིང་ཁུལ་ནང་དུ། གངས་བརྐོས་ལག་རྩལ་པས་གངས་བརྐོས་བཟོ་སྐྲུན་བྱེད་བཞིན་ཡོད་པ་དང་། སྔོན་དཔག་བྱས་ན་2016ལོའི་ལོ་འགོར་འགྲེམ་སྟོན་མཇུག་འགྲིལ་རྒྱུ་རེད། བཟོ་སྐྲུན་འདིའི་མཐོ་ཚད་སྨི་51ཟིན་ལ། ས་ཁྱོན་སྨི་གྲུ་བཞི་མ་2800ཟིན།  གངས་སྤྱོད་ཚད་ཧ་ལམ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་ཁྲི་3ཟིན། དེ་ནི་འཛམ་གླིང་སྟེང་གི་ཆེས་མཐོ་ཤོས་ཀྱི་གངས་བརྐོས་བཟོ་སྐྲུན་ཡིན་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1