ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་འཚོགས་ཏེ་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་ཀར་ཞིབ་འཇུག་དང་བཀོད་སྒྲིག་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-31


  སྤྱི་ཟླ་12པའི་ཚེས་30ཉིན།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་འཚོགས་ཏེ་ཀྲུང་དབྱང་སྒྲིག་ཁྲིམས་ཞིང་བཤེར་ཨུ་ཡོན་ལྷན་ཁང་གི་2015ལོའི་ལས་ཀའི་སྙན་ཞུ་ལ་ཉན་པ་དང་2016ལོའི་ཏང་སྲོལ་སྲིད་གཙང་འཛུགས་བསྐྲན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་ཀར་ཞིབ་འཇུག་དང་བཀོད་སྒྲིག་གནང་། དེ་མིན་《ཕྱོགས་ཡོངས་ནས་ཤར་བྱང་ས་ཁུལ་སོགས་བཟོ་ལས་རྟེན་གཞི་རྙིང་བ་དར་སྤེལ་དུ་གཏང་བའི་སྐོར་གྱི་བསམ་འཆར།》ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་གཙོ་སྐྱོང་གནང་།

  གྲོས་ཚོགས་ལས་ཕྱོགས་ཡོངས་ནས་གཟབ་ནན་སྒོས་ཏང་བཅོས་སྐྱོང་བྱེད་པ་ནི་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་འོས་མཐུན་སྒོས་སྐུལ་འདེད་གཏོང་བ་དང་། བརྒྱ་ལོ་གཉིས་ཀྱི་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཁག་ཐེག་གལ་ཆེན་ཞིག་ཡིན། 2015ལོར་ཏང་ཀྲུང་དབྱང་གིས་བློ་བརྟན་འགྱུར་མེད་སྒོས་ཕྱོགས་ཡོངས་ནས་གཟབ་ནན་སྒོས་ཏང་བཅོས་སྐྱོང་བྱས་པ་དང་། བློ་བརྟན་འགྱུར་མེད་སྒོས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་བཏང་སྟེ་ཀྲོའུ་ཡུང་ཁང་དང་ལིང་ཅི་ཧྭ་སོགས་ཀྱི་ཁྲིམས་འགལ་ལུགས་འགལ་གྱི་གྱོད་གཞི་ཚབས་ཆེན་ལ་ཁྲིམས་ཆད་ནན་མོ་བཅད་པ་དང་རུལ་སུངས་རྒྱ་ཡན་དུ་འགྲོ་བའི་གནས་ཚུལ་ལ་བཀག་འགོག་བྱས་ཏེ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཐད་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་བླངས་པར་མ་ཟད། ཏང་སེམས་དང་དམངས་སེམས་གཅིག་ཏུ་བསྡུས་པ་དང་། མི་དམངས་མང་ཚོགས་ཀྱིས་སྔར་ལས་ཏང་ལ་ཡིད་ཆེས་དང་ཡིད་རྟོན་བྱེད་པར་བྱས། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེས་ཨུ་ལྷན་དང་རིམ་པ་སོ་སོའི་སྒྲིག་ཁྲིམས་སྡེ་ཁག་འོས་འགན་གཅིག་བསྡུ་དང་ལྟ་སྐུལ་ལ་ཤུགས་སྣོན། ཏང་ནང་ཁུལ་གྱི་སྒྲིག་ལམ་འཐུས་ཚང་དང་སྒྲིག་བཤེར་སྒྲིག་སྲོལ་བསྒྱུར་བཅོས་གཏིང་ཟབ་ཏུ་སྤེལ་ཏེ་རུལ་སུངས་ཀྱི་སྣང་ཚུལ་འབྱུང་བར་མཐའ་གཅིག་ཏུ་བཀག་འགོག་བྱ་དགོས་ཞེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1