སི་ཁྲོན་གྱི་གཞུང་དབང་ཁེ་ལས་38ཀྱིས་དབུལ་ཕོངས་རྫོང་42ལ་གནད་སྨིན་དབུལ་སྐྱོར་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-05


  ལའང་ཧྲན་དབྱིས་རིགས་ས་ཁུལ་གྱི་རྫོང་(ཁུལ།)13དུ། རྫོང་དང་(ཁུལ།)རེ་ལ་གཞུང་ཁོངས་ཁེ་ལས་གཉིས་ཀྱིས་མཐུད་སྦྲེལ་རོགས་སྐྱོར་བྱས། ཉེ་ཆར་གསར་འགོད་པས་ཞིང་ཆེན་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་ནས་རྒྱུས་ལོན་བྱས་པ་ལྟར་ན། 《ཞིང་ཆེན་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་ཁང་རྒྱུད་ཁོངས་ཀྱི་ཁེ་ལས་ཀྱིས་ལེའང་ཧྲན་ཆེ་ཆུང་ས་ཁུལ་དུ་མཐུད་སྦྲེལ་རོགས་སྐྱོར་ལས་ཀའི་ཇུས་གཞི།》ནང་དུ་བཀོད་པ་ལྟར་ན། གཅིག་ཅན་ལྔའི་དམ་འཛིན་བྱས་ཏེ་རྣམ་གྲངས་ཁག་གཅིག་གོང་འཕེལ་དང་ལས་ཞུགས་ཁག་ཅིག་སྐུལ་ཁྲིད་བྱེད་པ། དབུལ་པོའི་གྲོང་ཚོ་ཁག་གཅིག་ལ་རོགས་རམ་བྱས་ནས་དབུལ་སྒྲོལ་བྱེད་པ། ཆ་སྒྲིག་སྒོས་དུད་ཚང་དབུལ་པོ་ཁག་གཅིག་ལ་རོགས་སྐྱོར་བྱེད་པ། ཆེད་ལས་ཀྱི་དབུལ་སྐྱོར་མ་དངུལ་སྤྱད་དེ་ལའང་ཧྲན་ས་ཁུལ་གྱི་མཐུད་སྦྲེལ་རོགས་སྐྱོར་ལ་ཕན་འབྲས་དངོས་ཐོན་རྒྱུར་འགན་ལེན་བྱེད་དགོས་ཞེས་བསྟན་འདུག
  ལུའེ་པོ་དང་མེ་ཀུའུ་སོགས་ལའང་ཧྲན་དབྱི་རིགས་ས་ཁུལ་གྱི་རྫོང་(ཁུལ།)13ནི་ཞིང་ཆེན་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་ཁོངས་གཏོགས་ཀྱིས་ཁ་གཏད་རོགས་སྐྱོར་བྱེད་སའི་རྫོང་(ཁུལ།)ཡིན་པ་ཕུད། ཞིང་ཆེན་ཡོངས་ལ་དུ་དུང་གཞུང་ཁོངས་ཁེ་ལས་38ཀྱིས་ཆུ་ཆེན་རྫོང་དང་ཕེན་ཧྲན་རྫོང་སོགས་དབུལ་ཕོངས་རྫོང་(ཁུལ།)42ལ་གནད་སྨིན་དབུལ་སྐྱོར་གྱི་ལས་འགན་འཁུར་ཡོད། རང་རྟོགས་རང་མོས་དང་། རང་འགུལ་གྱི་ལས་ཀའི་བསམ་གཞིགས་ལྟར། ཞིང་ཆེན་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་གཞུང་ཁོངས་ཁེ་ལས་ཀྱི་ཁྱད་ཡོན་འདོན་སྤེལ་དང་གནད་སྨིན་དབུལ་སྐྱོར་གྱི་ལས་ཀ་བརྟན་པོའི་ངང་སྐུལ་འདེད་བྱས་པས་དབུལ་ཕོངས་གྲོང་ཚོར་རྣམ་པ་གསར་པ་མངོན་བཞིན་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1