སྤྱི་ཟླ་1པའི་ཚེས་5ཉིན་ཨ་རིའི་ས་གཤིས་རྟོག་ཞིབ་ཅུས་ཀྱིས་དྲ་བར་སྤེལ་བའི་གནས་ཚུལ་ལྟར་ན་པེ་ཅིང་གི་དུས་ཚོད་དེ་སྤྱི་ཟླ་1པའི་ཚེས་5ཉིན་གྱི་ཆུ་ཚད་10དང་སྐར་མ་21སྟེང་། འཇར་པན་གྱི་ལྷོ་ཕྱོགས་མཚོ་ཁུལ་དུ་ཚད་རིམ་5.8ཅན་གྱི་ས་འགུལ་བྱུང་ཞིང་འགུལ་ཁུངས་ཀྱི་ཟབ་ཚད་ལ་སྤྱི་ལེ་10ཡོད་པ་རེད། མིག་སྔར་མཚོ་རླབས་འཕྱུར་བ་སོགས་ཀྱི་ཉེན་བརྡ་ཅི་ཡང་མེད་འདུག །