བོད་རང་སྐྱོང་ལྗོངས་ཀྱི་སློབ་ཆེན་སློབ་མའི་ལས་གཏོད་སྐྱོང་གསོའི་རྟེན་གཞི་ཐོག་མའི་སྒོ་བྱང་བཀལ་བ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-06


  ཉེ་ཆར། བོད་རང་སྐྱོང་ལྗོངས་ཀྱི་སློབ་ཆེན་སློབ་མའི་ལས་གཏོད་སྐྱོང་གསོའི་རྟེན་གཞི་ཐོག་མའི་སྒོ་བྱང་བོད་ལྗོངས་མི་རིགས་སློབ་ཆེན་དུ་བཀལ་ཏེ་བོད་དུ་ལས་གཏོད་སྐྱོང་གསོའི་རྟེན་གཞི་མེད་པའི་སྟོང་ཆ་བསྐངས་ཤིང་། དེས་བོད་རང་སྐྱོང་ལྗོངས་ཀྱི་སློབ་ཆེན་སློབ་མའི་ལས་གཏོད་ལས་ཀ་དེ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པ་མཚོན།
  སྟེགས་བུ་དེས་སྤྱི་པའི་ཞབས་ཞུའི་ཐོན་ཁུངས་དང་སློབ་གྲྭའི་དགེ་མཚན་ལྡན་པའི་ཚན་ཞིབ་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ་ཞབས་ཞུ་སྒྲུབ་སྟངས་གསར་གཏོད་ཀྱིས་ལས་གཏོད་སློབ་ཆེན་སློབ་མར་དོ་དམ་དང་གཉེར་སྐྱོང་ལ་མཁོ་བའི་ས་ཆ་དང་སྒྲིག་ཆས་རིན་མེད་ངང་མཁོ་འདོན་དང་། ལས་གཏོད་མཛུབ་ཁྲིད་དང་ལས་གཏོད་རོགས་སྐྱོར་ཐེབས་རྩའི་སྐྱེད་མེད་དངུལ་བུན། ཁེ་ལས་དོ་དམ་གྱི་ཤེས་ལྡན་པ་གསོ་སྐྱོང་སོགས་ཀྱི་ཞབས་ཞུ་ཁག་རིན་མེད་ངང་བསྒྲུབ་རྒྱུ་ཡིན་ཞིང་། དེས་ལོ་དེ་གའི་སློབ་ཐོན་སློབ་མས་ལས་གཏོད་བྱེད་སྐབས་མ་དངུལ་མ་འདང་བ་དང་། ཉམས་མྱོང་མེད་པ། གནོན་ཤུགས་ཆེ་བ་སོགས་ཀྱི་དཀའ་གནད་ཞི་ལྷོད་དུ་ཤུགས་ཆེན་འགྲོ་རྒྱུ་རེད།
  བོད་ལྗོངས་མི་རིགས་སློབ་ཆེན་གྱི་སློབ་མའི་ལས་གཏོད་སྐྱོང་གསོའི་རྟེན་གཞི་ཡིས་སྲིད་གཞུང་གི་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་ལ་བརྟེན་ནས་ལས་གཏོད་ཀྱིས་ལས་ཞུགས་ལ་ཁྲིད་སྟོན་སྒོས་ལྗོངས་ནང་ཁུལ་གྱི་སློབ་ཆེན་སློབ་མ་སྔར་ལས་མང་པོ་ལས་གཏོད་ལ་སྐུལ་ཁྲིད་བྱེད་པར་ཕན་ནུས་གལ་ཆེན་ཐོན་ངེས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1