སི་ཁྲོན་གྱི་རྒྱལ་ཁབ་རིམ་པའི་ཞིང་ལས་ཚན་རྩལ་གླིང་ཁུལ་9རུ་འཕར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-06


    གསར་འགོད་པས་སྤྱི་ཟླ་1པོའི་ཚེས་5ཉིན་ཞིང་ཆེན་ཚན་རྩལ་ཐིང་ནས་རྒྱུས་ལོན་བྱས་པ་ལྟར་ན། ཉེ་ཆར།    ཚན་རྩལ་པུའུ་ཡིས་སི་ཁྲོན་ཞིང་ཆེན་གྱི་མེན་དབྱང་དང་སེའེ་ལིན། པ་ཀྲུང་བཅས་ཀྱི་ཞིང་ལས་གླིང་ཁུལ་དེ་རྒྱལ་ཁབ་ཞིང་ལས་ཚན་རྩལ་གླིང་ཁུལ་དུ་འཕར་བའི་མཆོག་མཆན་གནང་། ད་ལྟ་སི་ཁྲོན་ཞིང་ཆེན་དུ་རྒྱལ་ཁབ་ཞིང་ལས་ཚན་རྩལ་གླིང་9ཡོད་པ་དང་ནུས་རྒྱུད་ས་ཁུལ་དུ་ཞིང་ལས་གླིང་ཁུལ་ཆེས་མང་པའི་ཞིང་ཆེན་རེད།
    རྒྱལ་ཁབ་ཞིང་ལས་ཚན་རྩལ་གླིང་ཁུལ་ནི་ཞིང་ལས་ཚན་རྩལ་གསར་གཏོད་དང་ལས་གཏོད་བྱེད་སའི་སྟེགས་བུ་གལ་ཆེན་ཞིག་ཡིན། དེའི་སྔོན་དུ་རང་རེའི་ཞིང་ཆེན་ལ་ལེ་ཧྲན་དང་གཡག་རྔ། ཀོན་ཨན། ནེ་ཅང་། ནན་ཁྲུང་སོགས་རྒྱལ་ཁབ་རིམ་པའི་ཞིང་ལས་ཚན་རྩལ་གླིང་ཁུལ་6ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1