རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་ཟུང་གི་བགྲོ་གླེང་བཞུགས་མོལ་ཚོགས་འདུ་བསྡུས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-06


  སྤྱི་ཟླ་1པའི་ཚེས་5ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱིས་ཐེངས་ཞེ་ལྔའི་གཟའ་འཁོར་ཟུང་གི་བགྲོ་གླེང་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་བསྡུས་ཤིང་མགྱོགས་མྱུར་སྒོས་ཐོན་རྫས་གྲགས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏང་བའི་ཐད་ནས་ཇུས་གཞི་བཀོད། ཐེངས་འདིའི་གྲོས་ཚོགས་ལ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེན་ཧྲེན་གྱིས་གཙོ་སྐྱོང་གནང་།

  ཚོགས་ཐོག་ཏུ་ཨུ་ཡོན་རྣམས་ཀྱིས་ཐོན་རྫས་གྲགས་ཅན་ནི་ཁེ་ལས་དང་རྒྱལ་ཁབ་ཀྱི་འགྲན་རྩོད་སྟོབས་ཤུགས་དང་འཕེལ་རྒྱས་སྐུལ་ཤུགས་ཀྱི་མཚོན་བྱེད་གལ་ཆེན་ཞིག་ཡིན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐོན་རྫས་གྲགས་ཅན་གྱི་འཛུགས་སྐྲུན་ལས་ཀར་མཐོང་ཆེན་བྱེད་བཞིན་འདུག ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ་ཐོན་རྫས་གྲགས་ཅན་འཛུགས་སྐྲུན་དེ་ཆེས་ཐོག་མར་རྒྱལ་ཁབ་ཀྱི་འཆར་གཞིའི་གྲས་སུ་བཞག་པ་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་གིས་《ཐོན་རྫས་གྲགས་ཅན་གྱི་འཛུགས་སྐྲུན་སྐོར་གྱི་མཛུབ་སྟོན་དགོངས་འཆར།》གཏན་འབེབས་བྱས།  ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་སྤུས་ལེགས་ཐོན་རྫས་གྲགས་ཅན་གྱི་རིམ་འཕར་ལག་ལེན་གྱི་བསམ་འཆར་བཏོན། དེ་མིན་འབྲེལ་ཡོད་སྡེ་ཁག་དང་ལས་རིགས་མཐུན་ཚོགས། ཁེ་ལས་བཅས་ཀྱི་འབད་པ་ཆེན་པོའི་འོག་རང་རྒྱལ་གྱི་ཐོན་རྫས་གྲགས་ཅན་གྱི་འཛུགས་སྐྲུན་ལས་ཀར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཅེས་བསྟན། ཨུ་ཡོན་ཁ་ཤས་ཀྱིས་རང་རྒྱལ་གྱི་ཐོན་རྫས་མིང་གྲགས་ཅན་དང་འཛམ་གླིང་སྟེང་གི་རང་རྒྱལ་གྱི་དཔལ་འབྱོར་གྱི་གོ་གནས་གཉིས་དོ་སྙོམས་མ་ཡིན་པའི་སྣང་ཚུལ་འདུག་པ་དང་ཁེ་ལས་ཀྱི་ཐོན་རྫས་གྲགས་ཅན་གསར་གཏོད་བྱེད་པའི་ནུས་པ་འདོན་སྤེལ་ལེགས་པོ་བྱས་མེད་པ། ཐོན་རྫས་གྲགས་ཅན་ནར་སོན་པར་སྐུལ་སློང་བྱེད་པའི་ཚོང་རའི་དཔལ་འབྱོར་ལེགས་པོ་མེད་པ། ཐོན་རྫས་གྲགས་ཅན་གྱི་འཛུགས་སྐྲུན་ལ་གཅིག་གྱུར་གྱི་སྐུལ་འདེད་ལམ་ལུགས་དང་བྱེད་ཐབས་ཆ་ཚང་མེད་པ་སོགས་ཀྱི་གནད་དོན་ཡོད་པས་གོམ་གང་མདུན་སྤོས་སྒོས་སྤུས་ལེགས་ཐོན་རྫས་གྲགས་ཅན་གྱི་འཛུགས་སྐྲུན་ལས་ཀར་ལེགས་པོ་བསྒྲུབ་དགོས་ཞེས་བསྟན།། 


རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1