སི་ཁྲོན་ཞིང་ཆེན་གྱི་9+3རིན་མེད་སློབ་གསོའི་རོགས་དངུལ་སྤྲོད་པའི་སྲིད་ཇུས་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་ཀུན་ཏུ་ལག་བསྟར་བྱེད་རྒྱུ་ཡིན་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-08


      གསར་འགོད་པའི་སྤྱི་ཟླ་1པོའི་ཚེས་4ཉིན་སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་ནས་རྒྱུས་ལོན་བྱས་པ་ལྟར་ན། 2016ལོའི་སྟོན་དུས་ཀྱི་སློབ་སྐབས་ནས་བཟུང་། རང་རེའི་ཞིང་ཆེན་གྱིས་9+3རིན་མེད་སློབ་གསོའི་སྲིད་ཇུས་ལག་བསྟར་བྱས་མེད་པའི་མུ་འབྲེལ་གྱི་དམིགས་བསལ་དཀལ་ངལ་ཡོད་པའི་ས་ཁུལ་གྱི་རྫོང་29ལ། ལོ་རིམ་དང་པོ་དང་གཉིས་པའི་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་མ་ཡོངས་ཀྱིས་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་ཞུགས་རོགས་དངུལ་སྲིད་ཇུས་ལོངས་སྤྱོད་བྱེད་པའི་རྨང་གཞིའི་ཐོག བོད་རིགས་ས་ཁུལ་གྱི་ཁུལ་ནང་གི་9+3རིན་མེད་སློབ་གསོའི་སྲིད་ཇུས་གཞིར་བཟུང་ནས་ལོ་རིམ་གསུམ་པའི་སློབ་མ་རེ་ལ་ལོ་རེར་སྒོར་1000གི་ཚད་གཞི་ལྟར་འཚོ་བའི་རོགས་དངུལ་སྤྲོད་རྒྱུ་ཡིན་པ་དང་། དེའི་རིན་ཡོན་ཚང་མ་ཞིང་ཆེན་ནོར་སྲིད་ཀྱིས་འགན་ཡོངས་རྫོགས་འཁུར་རྒྱུ་ཡིན་པ་རེད། 
      ཞིང་ཆེན་སློབ་གསོའི་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། རང་རེའི་ཞིང་ཆེན་གྱིས་ད་དུང་མུ་འབྲེལ་དབུལ་ཕོངས་ས་ཁུལ་གྱི་ལས་རིགས་སློབ་གསོའི་གཏོང་འཇོག་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འབྲིང་རིམ་ལས་རིགས་སློབ་གྲྭའི་རྨང་གཞིའི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས།  འབྲིང་རིམ་ལས་རིགས་སློབ་གྲྭ་ཁག་གཅིག་འཛུགས་སྐྲུན་ཡག་པོ་བྱེད་པ་དང་། ཞིང་ཆེན་ནང་ཁུལ་གྱི་སྤུས་ལེགས་འབྲིང་རིམ་ལས་རིགས་སློབ་གྲྭ་རྩ་འཛུགས་བྱས་ནས་མུ་འབྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་གྱི་འབྲིང་རིམ་ལས་རིགས་སློབ་གྲྭར་མཐུན་སྦྱོར་རོགས་སྐྱོར་བྱས་ཏེ་སློབ་གཉེར་ཆ་རྐྱེན་ཇེ་ལེགས་སུ་གཏང་བ་དང་། ཆེད་ལས་འཛུགས་སྐྲུན་དང་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། མུ་འབྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་གྱི་སློབ་མ་ཞིང་ཆེན་ནང་ཁུལ་གྱི་དར་རྒྱས་ཆེ་བའི་ས་ཁུལ་གྱི་འབྲིང་རིམ་ལས་རིགས་སློབ་གསོའི་སློབ་གྲྭར་འགྲོ་རྒྱུ་ལ་སྐུལ་སློང་དང་ཁྲིན་སྟོན་བྱས་པ་རེད།།
      དུས་མཚུངས་སུ། རྗེས་མར་རང་རེའི་ཞིང་ཆེན་གྱིས་ད་དུང་བོད་ཁུལ་གྱི་9+3རིན་མེད་སློབ་གསོའི་འཆར་གཞི་དང་། ལའང་ཧྲན་གྱི9+3རིན་མེད་སློབ་གསོའི་འཆར་གཞི་དང་གཅིག་སྒྲིལ་མུ་འབྲེལ་གྱི་དམིགས་བསལ་དཀའ་ངལ་ལྡན་པའི་ས་ཁུལ་གཞན་པའི་འབྲིང་རིམ་ལས་རིགས་སློབ་གྲྭའི་རོགས་དངུལ་གཅིག་གྱུར་གྱིས་འཆར་འགོད་བྱེད་ཤུགས་ཆེ་རུ་གཏང་བ་དང་། སློབ་བསྡུས་ལམ་སྲོལ་དང་གསོ་སྐྱོང་གི་ལམ་སྲོལ་སྔར་ལས་འཐུས་ཚང་དུ་བཏང་སྟེ་སློབ་མ་བདེ་ཐང་ངང་འཚར་ལོངས་ཡོང་བ་དང་ཁྱོན་ཡོངས་ནས་འཕེལ་རྒྱས་ཡོང་བ་ལ་སྐུལ་འདེད་བྱ་རྒྱུ་རེད།
    ཞིང་ཆེན་སློབ་གསོ་ཐིང་9+3གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། རང་རེའི་ཞིང་ཆེན་གྱི་9+3རིན་མེད་སློབ་གསོ་འཆར་འགོད་ལག་བསྟར་བྱས་པ་ནས་བཟུང་། འགྲོ་གྲོན་སྒོར་དུང་ཕྱུར་20ལྷག་ཙམ་བཀོད་སྒྲིག་བྱས་ཟིན་པ་དང་། སྔ་རྗེས་སུ་སྤུས་ལེགས་ཅན་གྱི་འབྲིང་རིམ་ལས་རིགས་སློབ་གྲྭ་90དང་མཐོ་རིམ་ལས་རིགས་སློབ་གྲྭ་5ཡིས་བོད་ཁུལ་གྱི་9+3སློབ་གསོའི་འགན་ཁུར་འཁུར་ཡོད་ལ། བསྡོམས་པས་བོད་ཁུལ་གྱི་9+3སློབ་མ་ཁྲི་4ལྷག་བསྡུས་ཡོད། འབྲིང་རིམ་ལས་རིགས་སློབ་གྲྭ་33གྱིས་དབྱིས་ཁུལ་གྱི་9+3སློབ་གསོའི་འགན་ཁུར་ཁུར་ཡོད་པ་དང་། བསྡོམས་པས་དབྱིས་ཁུལ་གྱི་9+3སློབ་མ་ཁྲི་1ལྷག་བསྡུས་ཡོད། 
      རྒྱུས་ལོན་བྱས་པ་ལྟར་ན། རང་རེའི་ཞིང་ཆེན་གྱི་9+3རིན་མེད་སློབ་གསོའི་འཆར་གཞིས་ཁུལ་ནང་དུ་རྨང་གཞི་ཇེ་བརྟན་དང་རྒྱལ་ནང་ནས་ལག་རྩལ་སྦྱོང་བ་ཞེས་པ་དང་། མི་གཅིག་འཇོན་ན་ཁྱིམ་ཡོངས་དབུལ་སྒྲོལ་ཞེས་པའི་མི་རིགས་ས་ཁུལ་གྱི་ཤེས་ལྡན་མི་སྣ་གསོ་སྦྱོང་དང་སློབ་གསོས་དབུལ་སྒྲོལ་གྱི་ལམ་བུ་གསར་པ་ཞིག་འཚོལ་རྙེག་བྱས་ཡོད། མིག་སྔར། 9+3རིན་མེད་སློབ་གསོའི་འཆར་གཞི་དེ་རྒྱལ་ཁབ་ཀྱི་སློབ་གསོ་སྒྱུར་བཅོས་ཀྱི་གཙོ་གནད་ཚོད་ལྟའི་རྣམ་གྲངས་སུ་བཟུང་ཞིང་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་དང་ཁྱབ་གདལ་དུ་གཏང་བའི་སློབ་གསོའི་རྣམ་པ་ཞིག་ཏུ་རིམ་འཕར་བྱེད་དགོས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1