ཝང་ཏུང་མིང་གིས་ཀུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་གི་འགོ་གཙོ་ཀྲུའུ་ཧྲུའུ་མིན་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-11


      སྤྱི་ཟླ་1པོའི་ཚེས7ཉིན། ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་ཝང་ཏུང་མིང་གིས་སི་ཁྲོན་དུ་བརྟག་ཞིབ་དུ་ཡོང་བའི་ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་གི་འགོ་གཙོ་ཀྲུའུ་ཧྲུའུ་མིན་དང་མཇལ་འཕྲད་གནང་།
      ཝང་ཏུང་མིང་གིས་དུས་ཡུན་རིང་པོའི་ནང་ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་སི་ཁྲོན་གྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་ལྷག་པར་དུ་ཞིང་གསུམ་ལས་ཀ་ལ་རྒྱབ་སྐྱོར་ཆེན་པོ་བྱས། ན་ནིང་ཟླ་10བའི་ནང་ཡང་རང་རེའི་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་དང་ཆེད་དུ་དབུལ་སྐྱོར་གསར་སྤེལ་ལ་རྒྱབ་སྐྱོར་བྱེད་པའི་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་དེ། ཡུལ་ཁུལ་ཆེན་པོ་བཞི་ལ་ཕྱོགས་ཏེ་དམིགས་གཏད་རང་བཞིན་ལྡན་པའི་དངུལ་རྩའི་ཞབས་ཞུ་དང་ཐོན་རྫས་རབ་དང་རིམ་པ་སྤེལ་ཞེས་བསྟན།
      ཀྲུའུ་ཧྲུའུ་མིན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ལས་འཕེལ་རྒྱས་དངུལ་ཁང་གོང་འཕེལ་གཏང་རྒྱུར་རྒྱབ་སྐྱོར་བྱས་པ་ལ་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་སི་ཁྲོན་ནས་ལས་སྒོ་སྤེལ་ཚུལ་ངོ་སྤྲོད་བྱས།།
      ཞིང་ཆེན་གྱི་འགོ་ཁྲིད་ལི་ཁྲེང་ཕིན་དང་ཝུའུ་ཅིན་ཕིང་། ཀན་ལིན་བཅས་མཇལ་འཛོམས་གྲོས་ཚོགས་ལ་ཞུགས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1