ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་གྱི་གྲོས་ཚོགས་བསྡུས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་དང་ཀྲུང་དབྱང་གི་《བརྡ་ཁྱབ།》དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-13
སྤྱི་ཟླ་1པའི་ཚེས་11ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་གྱི་གྲོས་ཚོགས་བསྡུས་ཏེ་སྤྟི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲང་དབྱང་ཆབ་སྲིད་ཅུས་ཀྱི་དྲང་གསུམ་ནན་གསུམ་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་སྟེང་གིས་གཏམ་བཤད་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཆེད་དོན་དམངས་གཙོ་འཚོ་བའི་གནས་ཚུལ་སྐོར་གྱི་《བརྡ་ཁྱབ།》བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཡོངས་ཀྱི་དྲང་གསུམ་ནན་གསུམ་གྱི་ཆེད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་ལ་དཔྱད་བསྡུར་ལེགས་སྒྲིག་བྱས་ཏེ་རང་ཞིང་གི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་གྲོས་ཚོགས་ལ་གཙོ་སྐྱོང་གནང་ཞིང་གྲོས་ཚོགས་ལ་ཞུགས་པའི་བློ་མཐུན་དག་དང་ལྷན་དུ་བསམ་བློ་དང་ལས་ཀ འཚོ་བ་དང་དངོས་ཡོད་སྤྱོད་ལམ་བཅས་དང་འབྲེལ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་དང་ཀྲུང་དབྱང་གི་《བརྡ་ཁྱབ།》དགོངས་དོན་ཐད་ཀྱི་མྱོང་ཚོར་བགྲོ་གླེང་བྱས་པར་མ་ཟད། ཝང་ཏུང་མིང་གིས་ནན་ཏན་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་དང་ཀྲུང་དབྱང་གི་《བརྡ་ཁྱབ།》དགོངས་དོན་ལ་སློབ་སྦྱོང་བྱེད་པ་དང་གཟབ་ནན་སྒོས་ལས་ཀ་ཁག་ལེགས་པོ་བསྒྲུབ་དགོས་པའི་ཐད་ལ་བཀོད་སྒྲིག་བྱས།
གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་དང་ཀྲུང་དབྱང་གི་《བརྡ་ཁྱབ།》དགོངས་དོན་དེ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ཏུ་བསྒྱུར་ཏེ་རང་ཞིང་གི་ལས་ཀ་ཁག་གི་ལག་ལེན་ལེགས་པོ་བསྒྲུབ་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འགོ་བཟང་པོ་བརྩམ་པ་མངོན་འགྱུར་བྱེད་པར་འགན་སྲུང་བྱ་དགོས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་མི་དམངས་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་བཅས་ཀྱིས་འགན་ཁུར་དང་དུ་བླངས་ཏེ་དཔལ་འབྱོར་འཕེལ་རྒྱས་དང་ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། དམངས་འཚོའི་ལེགས་བཅོས་འགན་སྲུང་། འགག་སྒྲོལ་དབུལ་སྒྲོལ། ཕྱོགས་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་བསྐྱང་བ། ཏང་གི་འཛུགས་བསྐྲུན་སོགས་གལ་ཆེའི་ལས་ཀར་སྣེ་ཁྲིད་ལེགས་པོ་བྱ་དགོས་ཞེས་བསྟན།།