སི་ཁྲོན་གྱི་ཡུག་སྦྲེལ་ཁུལ་ཆེ་གྲས་བཞིའི་དབུལ་ཕོངས་རྫོང་གི་གྲོང་སྡེའི་དགེ་རྒན་ལ་ཟླ་རེར་འཚོ་བའི་ཁ་གསབ་རོགས་དངུལ་སྒོར་400ཇེ་མང་དུ་བཏང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-13


   གསར་འགོད་པས་སྤྱི་ཟླ་1པོའི་ཚེས་11ཉིན་ཞིང་ཆེན་སྲིད་གཞུང་གི་དྲ་ཚིགས་ལས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་སྲིད་གཞུང་གཞུང་དོན་ཁང་གིས་ཉེ་དུས་《གྲོང་གསེབ་ཀྱི་དགེ་རྒན་ལ་རྒྱབ་སྐྱོར་བྱ་རྒྱུའི་འཆར་གཞི་ལག་བསྟར་བྱ་ཐབས་(2015-2020)》པར་འགྲེམས་བྱས། 
   《ལག་བསྟར་བྱ་ཐབས》ལ་གཞིགས་ན། 2016ལོ་ནས་བཟུང་། ཞིང་ཆེན་ཁོངས་གཏོགས་ཀྱི་རིན་མེད་དགེ་འོས་སློབ་མའི་ལོ་འཁོར་གྱི་བསྡུ་ལེན་གསོ་སྐྱོང་གི་མི་གྲངས་2000ནས་3000བར་ཇེ་མང་དུ་སོང་ཡོད། གཙོ་བོ་གྲོང་གསེབ་འབྲིང་ཆུང་སློབ་གྲྭའི་འགྲོ་ཁུངས་གཏན་འཁེལ་གྱིས་གསོ་སྐྱོང་གི་གཅིག་མཁས་མང་འཇོན་གྱི་དགེ་རྒན་གསོ་སྦྱོང་བྱས་པ་རེད།
   རང་རེའི་ཞིང་ཆེན་གྱིས་གཅིག་སྡུས་ཡུག་འབྲེལ་གྱི་དམིགས་བསལ་དཀལ་ངལ་ཡོད་པའི་ས་ཁུལ་དང་རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྤེལ་ལས་ཀའི་གཙོ་གནད་རྫོང་དང་གྲོང་སྡེའི་དགེ་རྒན་གྱི་འཚོ་བའི་རོགས་དངུལ་ཁ་གསབ་གྱི་སྲིད་ཇུས་ལག་བསྟར་བྱེད་པའི་ཁྱབ་ཁོངས་ཡུག་ཁུལ་ཆེན་པོ་བཞིའི་དབུལ་པོའི་རྫོང་དུ་རྒྱ་ཆེར་བཏང་།།
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1