ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་གསུང་བཤད་གལ་ཆེན་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-14


  

  སྤྱི་ཟླ་1པའི་ཚེས་12ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་གཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཆབ་སྲིད་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་ཡོངས་ནས་གཟབ་ནན་སྒོས་ཏང་སྐྱོང་དང་སྒྲིག་སྲོལ་ལྟར་ཏང་སྐྱོང་བ་རྒྱུན་འཁྱོངས་བྱེད་དགོས་ལ། འདྲི་གཅོད་ལྟ་སྐུལ་གཅིག་བསྡུ་དང་སྒྲིག་སྲོལ་གསར་གཏོད། ཁྲིམས་སྲོལ་ལམ་ལུགས་གསར་གཏོད། ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་བྱེད་དགོས། དེ་མིན་དུས་ཡུན་རིང་བོར་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱས་ཏེ་མང་ཚོགས་དང་ཉེ་བའི་མི་ལེགས་པའི་སྤྱོད་ཚུལ་དང་རུལ་སུངས་གནད་དོན་དམིགས་སུ་བཟུང་སྟེ་ཐག་གཅོད་བྱེད་པ་དང་བློ་ཐག་རྦད་ཆོད་ཀྱིས་ཁྱབ་ཡམས་སུ་འགྲོ་བར་གཏན་འགོག་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་བྱས་ཏེ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཐད་ནས་གྲུབ་འབྲས་གསར་པ་ལེན་དགོས་ཞེས་བསྟན།

  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཁེ་ཆང་དང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཀྲང་ཀའོ་ལི་བཅས་གྲོས་ཚོགས་ལ་ཞུགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཆི་ཧྲན་གྱིས་གྲོས་ཚོགས་གཙོ་སྐྱོང་གནང་།
  ཞི་ཅིན་ཕིང་གིས་ད་ལོའི་ལས་ཀ་ལེགས་པོ་བསྒྲུབ་དགོས་པའི་ཐད་ནས་གཤམ་གསལ་གྱི་རེ་བ་ལྔ་བཏོན་པ་སྟེ། གཅིག་ནི་ཏང་གི་སྒྲིག་ཡིག་ལ་བརྩི་སྲུང་བྱས་ཏེ་ཚད་གཞི་དང་སྲོལ་ཡིག་ལག་བསྟར་ནན་མོ་བྱ་དགོས། གཉིས་ནི་རྒྱུན་འཁྱོངས་ནན་མོ་བྱས་ཏེ་སྤྱོད་ལམ་འཛུགས་སྐྲུན་ནན་འཛིན་བྱ་དགོས། གསུམ་ནི་རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་སྣང་ཚུལ་ཁྱབ་ཡམས་སུ་འགྲོ་བར་གཏན་འགོག་བྱ་དགོས། བཞི་ནི་ཕྱོགས་ཡོངས་ནས་གཟབ་ནན་སྒོས་ཏང་སྐྱོང་བ་གཞི་རིམ་དང་སྦྲེལ་བར་སྐུལ་འདེད་གཏང་དགོས། ལྔ་ནི་སྣང་ཚུལ་དང་ངོ་བོ་ཟུང་འབྲེལ་བྱས་ཏེ་ཆབ་སྲིད་སྐྱེས་ཁམས་གཙང་སེལ་བྱ་དགོས།། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1