NASAཡིས་སྔོན་དཔག་བྱས་པ་ལྟར་ན་ལོ་ངོ་60ཡི་རྗེས་སུ་འཛམ་གླིང་རང་བཞིན་གྱི་ཆུ་ལོག་བྱུང་རྒྱུ་རེད།

ཚེ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 01-14


  ཨུ་རུ་སུའི་གསར་འགྱུར་དྲ་བར་བསྒྲགས་བསྟན་དོན། ཨ་རིའི་མཁའ་འགྲུལ་འཕུར་སྐྱོད་ཅུས་(NASA)ཀྱི་ཆེད་རམས་པས་སྔོན་དཔག་བྱས་པ་ལྟར་ན་ལོ་ངོ་60ཡི་རྗེས་སུ་སའི་གོ་ལར་འཛམ་གླིང་རང་བཞིན་གྱི་ཆུ་ལོག་བྱུང་སྟེ་ལོན་ཏོན་དང་ཨ་མའུ་སི་ཏི་ཏན། ཐོ་ཁེ་ཡོ་སོགས་གྲོང་ཁྱེར་ཆུར་ནུབ་རྒྱུ་ཡིན་པར་གསལ་བསྒྲགས་བྱས།

  NASAཡི་ཆེད་རམས་པ་ཚོགས་པས་གནམ་གཤིས་དང་སའི་གོ་ལ། དེ་མིན་གཞན་པའི་རྒྱུ་སྐར་གྱི་འགུལ་སྐྱོད་ལ་ཞིབ་འཇུག་བྱས་པ་མ་ཟད། འཁྱགས་རོམ་བཞུ་བའི་གྲངས་ཀ་དང་འཛམ་གླིང་ཧྲིལ་བོའི་རྒྱ་མཚོའི་ཆུ་ངོས་སྙོམས་ཐིག་གི་གྲངས་ཀ་ཟིན་ཐོར་བཀོད་ཅིང་ཞིབ་འཇུག་རྒྱུ་ཆ་འདི་དག་གི་རྨང་གཞིའི་སྟེང་ལོ་ངོ་བཅུ་ལྷག་གི་རྗེས་ཀྱི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་རྣམ་པ་ཚོད་ལྟའི་ཚུལ་དུ་སྤྱི་བསྡོམས་བྱས།
  ཞིབ་འཇུག་འབྲས་བུ་ལས་བསྟན་པ་ལྟར་ན་ལོ་ངོ་60ཡི་རྗེས་སུ་འཛམ་གླིང་གི་རྒྱ་མཚོའི་སྙོམས་ངོས་སྨི་2ཡར་འཕགས་རྒྱུ་ཡིན་པ་དང་ལོན་ཏོན་དང་ཨ་མའུ་སི་ཏི་ཏན། ཐོ་ཁེ་ཡོ་སོགས་དང་དེ་མིན་ཨ་རིའི་གྲོང་ཁྱེར་མང་པོ་ཆུར་ནུབ་སྟེ་སའི་གོ་ལའི་སྡོད་དམངས་མང་པོའི་ཚེ་སྲོག་ཤོར་རྒྱུ་ཡིན་པ་མ་ཟད་ཆུ་ལོག་གི་གནོད་པ་མ་ཐེབས་པའི་སྡོད་དམངས་རྣམས་གནམ་གཤིས་འགྱུར་ལྡོག་དང་ལྐོགས་སྐོམ། ནད་ཡམས་གསར་པ་སོགས་ཀྱིས་དཀའ་ངལ་ལ་འཕྲད་རྒྱུ་རེད། 
  མིག་སྔར་འཛམ་གླིང་གི་རྒྱ་མཚོའི་སྙོམས་ངོས་ལོ་རེར་ཧོ་སྨི་1.9ཡར་འཕགས་བཞིན་ཡོད་ལ། འཛམ་གླིང་གི་རྒྱ་མཚོའི་སྙོམས་ངོས་ཡར་འཕགས་པའི་ཆུ་ཁུངས་ཀྱི་གསུམ་ཆའི་གཉིས་འཁྱག་རོམ་བཞུ་བ་ལས་བྱུང་བ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1