ཕྱི་འབྲེལ་པུའུ་ཡི་གཏམ་བཤད་པ་ལུའུ་ཁང་གིས་ཚེས་15ཉིན་བསྒྲགས་དོན། ས་དི་ཨ་རབ་རྒྱལ་ཁབ་ཀྱི་རྒྱལ་པོ་ས་ལེ་མན་དང་ཨ་རབ་ཨེ་ཅིབ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་སའེ་ཞི། དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ལུ་ཧ་ཉི་བཅས་ཀྱིས་གདན་ཞུ་བྱས་པ་ལྟར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་1པོའི་ཚེས་19ནས་ཚེས་23ཉིན་གྱི་རིང་གོང་གི་རྒྱལ་ཁབ་གསུམ་ལ་རྒྱལ་དོན་མཚམས་འདྲི་གནང་རྒྱུ་རེད།