​2015་ལོའི་ཞིང་ཆེན་གྱི་མི་སྟོང་གི་འཆར་གཞི་བཏོན་པ་དང་ཐེངས་གཅིག་གི་ཆེས་མཐོ་བའི་རོགས་དངུལ་སྒོར་ཁྲི་500ཐོབ་ཐུབ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-19


     སྤྱི་ཟླ་1པོའི་ཚེས་18ཉིན། གསར་འགོད་པས་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2015ལོའི་སི་ཁྲོན་ཞིང་ཆེན་གྱི་མི་སྟོང་གི་འཆར་གཞིའི་མིང་ཐོ་གཏན་ལ་ཕབ་པམ་དང་། མཐོ་རིམ་ཤེས་ལྡན་མི་སྣ་154དང་ཚོགས་པ་19གསར་དུ་བསྣན། 2009ལོ་ནས་བཟུང་། སི་ཁྲོན་གྱིས་ཁྱོན་བསྡོམས་ཁག་7ནང་འདྲེན་བྱས་ཡོད་ལ། དེའི་ནང་དུ་མཐོ་རིམ་ཤེས་ལྡན་མི་སྣ་595དང་། ཡང་རྩེར་སོན་པའི་གསར་གཏོད་ལས་གཏོད་ཚོགས་པ་52འདུས་ཡོད།
       སི་ཁྲོན་དུ་ཡོང་ནས་སི་ཁྲོན་འཕེལ་རྒྱས་སུ་གཏང་བའི་མཐོ་རིམ་ཤེས་ལྡན་མི་སྣ་ལ་མཚོན་ན།  ཤེས་ལྡན་མི་སྣ་ནང་འདྲེན་བྱས་ན་ཐེངས་གཅིག་ལ་རོགས་དངུལ་སྒོར་ཁྲི་50ནས་ཁྲི་100ཐོབ་པ་དང་། ཚོགས་པ་ལ་ཐེངས་གཅིག་ཅན་གི་རོགས་དངུལ་སྒོར་ཁྲི་200ནས་500ཐོབ་ཐུབ།
       དུས་མཚུངས་སུ་གྲོང་ཁྱེར་དང་རྫོང་སོ་སོ་ནས་དེ་བསྟུན་གྱི་རོགས་དངུལ་སྤྲོད་པ་དང་ནང་དུ་ཚུད་མཁན་གྱིས་ད་དུང་བཟའ་ཟླ་བཀོད་སྒྲིག་དང་བུ་ཕྲུག་སློབ་ཞུགས། སྨན་བཅོས་འགན་བཅོལ། གཟེངས་བསྟོད་བྱེད་པ་སོགས་ཀྱི་ཐད་ནས་དམིགས་བསལ་གྱི་ཐོབ་ཐང་ལོངས་སྤྱོད་བྱས་ཆོག།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1