2015ལོའི་ཡུལ་ཤུལ་རིག་རྩལ་ལས་རིགས་དང་འབྲེལ་བའི་གསར་འགྱུར་གལ་ཆེན་བཅུ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-20


2015ལོའི་ཡུལ་ཤུལ་རིག་རྩལ་ལས་རིགས་དང་འབྲེལ་བའི་གསར་འགྱུར་གལ་ཆེན་བཅུ་ལས་དང་པོ།


             ཡུལ་ཤུལ་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཐུན་ཚོགས་དང་ཡུལ་ཤུལ་ཁུལ་རིག་གནས་ཁང་། ཡུལ་ཤུལ་ཁུལ་བྲིས་གཟུགས་མཐུན་ཚོགས་བཅས་ཀྱིས་མཉམ་སྒྲུབ་བྱས་པའི་ནང་ཆེན་རྫོང་ཀ་གཞུང་ཡུལ་ཤོག་ལ་ཡུལ་ཤུལ་ཁུལ་བྲིས་གཟུགས་ཀྱི་ཕ་ས་ཞེས་མིང་འདོགས་པའི་མཛད་སྒོ་དེ་སྐྱེ་དགུ་རུ་གཟབ་རྒྱས་ངང་སྤེལ། མཛད་སྒོའི་སྟེང་ཀྲུང་གུང་ཡུལ་ཤུལ་ཁུལ་ཨུའི་ཧྲུའུ་ཅི་བློ་མཐུན་ཝུ་ཏའེ་ཅིན་གྱིས་དངོས་སུ་ཡུལ་དངོས་ལ་མཛུབ་སྟོན་བྱས་ཤིང་གདེང་འཇོག་མཐོན་པོ་གནང་སྟེ་བྲིས་གཟུགས་སྒྱུ་རྩལ་ལ་མོས་པའི་བློ་མཐུན་རྣམས་ལ་བསྔགས་སྐུལ་དང་རྒྱབ་སྐྱོར་གནང་། 


2015ལོའི་ཡུལ་ཤུལ་རིག་རྩལ་ལས་རིགས་དང་འབྲེལ་བའི་གསར་འགྱུར་གལ་ཆེན་བཅུ་ལས་གཉིས་པ།

           སྐྱེ་དགུ་རུ་གེ་སར་ཞིབ་འཇུག་ལྷན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི་《སྟག་གཟིག་ནོར་འགྱེད།》དང་《ཡུལ་ཤུལ་གེ་སར་སྒྲུང་པའི་ལོ་རྒྱུས།》ཀྱི་འོད་སྡེར་དང་དཔེ་ཚོགས་འགྲེམ་སྤེལ་ཚོགས་འདུ་བསྡུས། ཡུལ་ཤུལ་ཁུལ་ཁུལ་དཔོན་ཚེ་རིང་ཐར་ཚོགས་འདུར་ཞུགས་ཏེ་གཏམ་བཤད་གལ་ཆེན་གནང་།


2015ལོའི་ཡུལ་ཤུལ་རིག་རྩལ་ལས་རིགས་དང་འབྲེལ་བའི་གསར་འགྱུར་གལ་ཆེན་བཅུ་ལས་གསུམ་པ།

 

              རྒྱལ་སྤྱིའི་སྐྱེས་པ་སྐད་གདངས་མཐོ་བའི་གླུ་བ་གྲགས་ཅན་རྡོ་རྗེ་ཚེ་རིང་གཙོ་བྱས་པའི་བོད་རིགས་སྐྱེས་པ་སྐད་གདངས་མཐོ་བའི་གླུ་གཞས་སྒྱུ་རྩལ་པ་ཆེན་མོ་བཞིའི་རོལ་དབྱངས་ཚོགས་འདུ་སྐྱེ་དགུ་རུ་བསྡུས། 


 2015ལོའི་ཡུལ་ཤུལ་རིག་རྩལ་ལས་རིགས་དང་འབྲེལ་བའི་གསར་འགྱུར་གལ་ཆེན་བཅུ་ལས་བཞི་པ། 


              མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཧྥུ་ལགས་དང་ཡུལ་ཤུལ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་འཇམ་དབྱངས་ཚེ་རིང་གི་སྒྲུང་གཏམ་《ཁམས་པའི་ཉམས་འགྱུར།》དབྱིན་ཡིག་ཏུ་བསྒྱུར་ཞིང་རྒྱལ་སྤྱིའི་ཚོང་རར་འགྲེམས་སྤེལ་བྱས། 


2015ལོའི་ཡུལ་ཤུལ་རིག་རྩལ་ལས་རིགས་དང་འབྲེལ་བའི་གསར་འགྱུར་གལ་ཆེན་བཅུ་ལས་ལྔ་པ། 

          ཡུལ་ཤུལ་ཁུལ་རིག་རྩལ་ལས་རིགས་དང་རྫ་སྟོད་རྫོང་མི་དམངས་སྲིད་གཞུང་གིས་མཉམ་སྒྲུབ་བྱས་པ་དང་རྒྱལ་ཡོངས་གེ་སར་རིག་གནས་ཆེད་མཁས་པ་ཉི་ཤུ་ལྷག་གདན་འདྲེན་བྱས་པའི་སྟག་གཟིག་ནོར་གྱི་ཕ་སར་སྐྱོད་པའི་རིག་གནས་བྱེད་སྒོ་ལ་རྒྱལ་ཡོངས་གེ་སར་རིག་གནས་ཞིབ་འཇུག་གཞུང་ལས་ཁང་དང་ཞིང་ཆེན་གེ་སར་རིག་གནས་ཞིབ་འཇུག་གཞུང་ལས་ཁང་གིས་མཐོང་ཆེན་དང་མཛུབ་སྟོན་འོག་གྲུབ་འབྲས་ཆེན་པོ་བླངས། 


2015ལོའི་ཡུལ་ཤུལ་རིག་རྩལ་ལས་རིགས་དང་འབྲེལ་བའི་གསར་འགྱུར་གལ་ཆེན་བཅུ་ལས་དྲུག་པ།

          ཡུལ་ཤུལ་ཁུལ་གྱི་སྐབས་དང་པོའི་ཡུལ་ཤུལ་ནས་ཡིན་པའི་འབུམ་རམས་པའི་བཞུགས་མོལ་ཚོགས་འདུ་འཚོགས།


2015ལོའི་ཡུལ་ཤུལ་རིག་རྩལ་ལས་རིགས་དང་འབྲེལ་བའི་གསར་འགྱུར་གལ་ཆེན་བཅུ་ལས་བདུན་པ། 

           མཚོ་སྔོན་ཞིང་ཆེན་ཡིག་སྒྱུར་ཅུས་ཀྱི་ཞིབ་འཇུག་པ། ཚིག་རྩོམ་པ་པོ་གྲགས་ཅན་བློ་བཟང་རིན་ཆེན་གྱི་གླུ་ཚིག་བརྩམས་ཆོས་བགྲོ་གླེང་ཚོགས་འདུ་ཟི་ལིང་ནས་གཟབ་རྒྱས་ངང་འཚོགས་ཤིང་ཡུལ་ཤུལ་ཁུལ་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཕུན་ཚོགས་ཟླ་བས་གཙོ་སྐྱོང་གནང་བ་དང་ཤིས་ཚིག་ཕུལ། 


2015ལོའི་ཡུལ་ཤུལ་རིག་རྩལ་ལས་རིགས་དང་འབྲེལ་བའི་གསར་འགྱུར་གལ་ཆེན་བཅུ་ལས་བདུན་པ། 

             དེང་རབས་ཀྲུང་གོའི་པར་སྐྲུན་ལས་རིགས་དང་ཇུས་འགོད་ཁྱབ་ཁོངས་སུ་སྐད་གྲགས་ཆེ་བའི་ཆེད་ལས་མི་སྣ་ཀརྨ་རྡོ་རྗེ་ཚེ་རིང་གིས་ཡུལ་ཤུལ་ཁུལ་དངོས་མང་བཤམས་སྟོན་ཁང་ལ་བརྩམས་ཆོས་བཅུ་ཡི་ཞལ་འདེབས་གནང་། 


 2015ལོའི་ཡུལ་ཤུལ་རིག་རྩལ་ལས་རིགས་དང་འབྲེལ་བའི་གསར་འགྱུར་གལ་ཆེན་བཅུ་ལས་དགུ་པ། 


             ཡུལ་ཤུལ་ཁུལ་རིག་རྩལ་མཐུན་ཚོགས་ཀྱི་གསར་གཏོད་ཀྱི་ལས་ཀའི་འདུ་ཤེས་བསྐྱེད་དེ་འབྲུ་ཆུ་འགྲམ་ངོགས་སུ་ཡུལ་ཤུལ་རིག་རྩལ་གསར་གཏོད་ལྟེ་གནས་དང་ཡུལ་ཤུལ་རྩོམ་རིག་བོད་རྒྱའི་གསར་རྩོམ་འཛིན་གྲྭ། ཡུལ་ཤུལ་རི་མོའི་གླིང་བཅས་ཀྱི་ལྟེ་གནས་བཙུགས། 


2015ལོའི་ཡུལ་ཤུལ་རིག་རྩལ་ལས་རིགས་དང་འབྲེལ་བའི་གསར་འགྱུར་གལ་ཆེན་བཅུ་ལས་བཅུ་པ།

               ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གླིང་རྒྱལ་ཡོངས་གེ་སར་རིག་གནས་ཞིབ་འཇུག་ཚོ་ཆུང་གཞུང་ལས་ཁང་གིས་གདན་ཞུ་ལྟར་ཡུལ་ཤུལ་ཁུལ་གྱིས་ཡུལ་ཤུལ་ཁུལ་གེ་སར་རིག་གནས་འཐུས་ཚབ་ཚོགས་པ་ཁྲེན་ཏུའུ་རུ་བསྡུས་པའི་སྐབས་བདུན་པའི་གེ་སར་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུར་མངགས་ཞུགས་བྱས།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1