ལི་ཁེ་ཆང་གིས་དུས་བཅད་ལྟར་གྷི་རི་སིའི་ཙུང་ལི་ཅི་ཕོའོ་ལཱ་སི་ལ་ཁ་པར་བཏང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-20


  སྤྱི་ཟླ་1པའི་ཚེས་19ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་དུས་བཅད་ལྟར་གྷི་རི་སིའི་ཙུང་ལི་ཅི་ཕོའོ་ལཱ་སི་ལ་ཁ་པར་བཏང་།

   ལི་ཁེ་ཆང་གིས་དེང་སྐབས་ཀྲུང་གོ་དང་གྷི་རི་སིའི་འབྲེལ་བ་འཕེལ་རྒྱས་སུ་ཕྱིན་པ་ཤིན་ཏུ་ལེགས་ཤིང་ཁྱབ་ཁོངས་སོ་སོའི་དངོས་དོན་འབྲེལ་བར་དགའ་འོས་པའི་གྲུབ་འབྲས་བླངས། ཀྲུང་གོ་ཕྱོགས་ནས་གྷི་རི་སི་སྲིད་གཞུང་གིས་ཀྲུང་གོའི་འབྲེལ་བར་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་བྱས་པ་དང་ཧུར་ཐག་གིས་ཀྲུང་གོ་དང་ཡོ་རོབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པར་བསྟོད་བསྔགས་བྱེད་བཞིན་ཡོད། ཕྱོགས་གཉིས་ཀྱི་རྒྱལ་ཁབ་གཉིས་ཀྱིས་ཕྱོགས་ཡོངས་འཐབ་ཇུས་འབྲེལ་བ་བཙུགས་ནས་ལོ་འཁོར་བཅུ་འགོར་བའི་གོ་སྐབས་དང་བསྟུན་ཏེ་རྒྱུན་ཆད་མེད་པར་ཆབ་སྲིད་ཡིད་ཆེས་གོང་འཕེལ་དང་གལ་ཆེ་བའི་ཁྱབ་ཁོངས་དང་ལས་གཞི་ཆེན་མོའི་མཉམ་འབྲེལ་ཐད་ལ་གྲུབ་འབྲས་གསར་པ་ལོན་པར་སྐུལ་འདེད་གཏང་དགོས་ཞེས་བསྟན།

  ཅི་ཕོའོ་ལཱ་སི་ཡིས་གྷི་རི་སི་སྲིད་གཞུང་གིས་ཀྲུང་གོའི་འབྲེལ་བ་དང་མཉམ་འབྲེལ་ལ་མཐོང་ཆེན་བྱེད་བཞིན་ཡོད་ལ། ཀྲུང་གོའི་ཕྱོགས་ཀྱི་མཐོ་རིམ་འགྲོ་འོང་གཏིང་ཟབ་ཏུ་སྤེལ་བ་དང་པིས་ལོའོ་ཨེ་ཧྥུའུ་སི་མཚོ་ལམ་སོགས་རྒྱལ་ཁབ་གཉིས་ཀྱི་ལས་གཞི་ཆེན་པོའི་མཉམ་འབྲེལ་ལ་སྐུལ་འདེད་གཏང་སྟེ་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་མཉམ་ལས་འབྲེལ་བ་མ་འོངས་པའི་ལོ་བཅུའི་ནང་སྔར་ལས་ལེགས་པའི་འཕེལ་རྒྱས་སུ་འགྲོ་བར་འབད་པ་བྱ་འདོད་ཅེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1