སོ་བདེ་ཐང་ཡིན་མིན་གྱིས་ཐད་ཀར་ཁ་ནང་བདེ་ཐང་ཡིན་མིན་ལ་ཤུགས་རྐྱེན་ཐེབས་ཀྱིན་ཡོད་དེ། གལ་ཏེ་སོ་ན་ཚེ་ཁ་ནང་ཡོངས་དང་ཐ་ན་ངོ་གདོང་ལ་ཟུག་གཟེར་སློང་ངེས། དེ་བས་ཁ་ནང་བདེ་སྲུང་བྱེད་པའི་གནད་དོན་གཙོ་བོ་ནི་སོ་ལ་སྲུང་སྐྱོང་བྱ་རྒྱུ་དེ་ཡིན། སོ་འབུ་སྔོན་འགོག་བྱེད་པའི་ཐབས་གང་ཡོད་ཅེ་ན།
1 ཁ་ནང་གི་གཙང་སྦྲར་མཉམ་འཇོག་དགོས།
ཕྲ་སྲིན་ནི་སོ་འབུ་འབྱུང་བའི་ཉེས་ཅན་གཏེ་བོ་ཡིན། གལ་ཏེ་ང་ཚོའི་ཁ་ནང་གཙང་མ་མིན་ཚེ་སོའི་ཕྱི་ངོས་སུ་ཕྲ་སྲིན་འབོར་ཆེན་ཞིག་སྤུངས་སྲིད་པ་དང་། ཕྲ་སྲིན་དེ་དག་ཟས་རིགས་ཁྲོད་ཀྱི་མངར་ཆའི་རོགས་རང་འོག་སྐྱུར་ལངས་ནས་ང་ཚོའི་སོ་ལ་གཏོར་བརླག་བྱེད་པ་རེད། དུས་ཡུན་ངེས་ཅན་ཞིག་ལ་གཏོར་བརླག་བྱས་རྗེས། སོའི་སྟེང་དུ་སོ་རུལ་འབྱུང་བ་དང་། སྐབས་དེར་སོ་འབུ་སྐྱེ་སྲིད། སོ་འབུ་སྔོན་འགོག་བྱེད་པའི་ཐབས་ལམ་ཆེས་གཙོ་བོ་ནི་ཁ་ནང་གི་གཙང་སྦྲར་དོ་སྣང་བྱས་ཏེ། དུས་ནམ་ཡང་སོ་ལ་སྲུང་སྐྱོང་བྱེད་པའི་གོམས་གཤིས་བཟང་པོ་ལོབས་སུ་འཇུག་རྒྱུ་དེ་ཡིན།
2 འབྲུ་རྩིང་གི་རིགས་དང་སྔོ་ཚོད་ཀྱི་རིགས། སིལ་ཏོག སྟར་ཀ འོ་མ་སོགས་མངར་ཆ་འདུས་ཚད་ཅུང་ཉུང་བའི་ཟས་རིགས་མང་དུ་བསྟེན་དགོས།
3 མངར་ཟས་ཉུང་བཟའ་བྱེད་དགོས།
མངར་ཟས་བཟའ་མི་རུང་བ་མ་ཡིན་པར་འོས་འཚམ་གྱིས་བཟའ་དགོས། མངར་ཆའི་ཚད་འདྲ་བའི་ཟས་རིགས་བཟའ་ཐེངས་གཅིག་ལ་ཟོས་པ་དེས་གནོད་ཚུལ་ནི་བཟའ་ཐེངས་འགར་ཟོས་པ་ལས་ཆུང་བ་ཡིན། ཡང་གཅིག་བཤད་ན་བཟའ་ཐེངས་གཅིག་ལ་ཀ་ར5ཟོས་པའི་གནོད་པ་དེ་ཀ་ར5བཟའ་ཐེངས5བྱས་ནས་ཟོས་པ་ལས་གནོད་པ་ཆུང་པ་ཡིན།
4 ཞོར་ཟས་ཉུང་བཟའ་བྱས་ན་བཟང་བ་དང་། ཁྱད་པར་དུ་དགོང་མོར་ཉུང་བཟའ་བྱ་དགོས། ཞོར་ཟས་བཟའ་བར་དགའ་བའི་མི་རྣམས་ཀྱི་སེམས་སུ་འཛིན་རྒྱུ་ཞིག་ནི་ཟས་ཐུན་གྱི་རྗེས་སུ་བཟའ་བའམ་བཟའ་ཐེངས་གཅིག་གིས་ཟོས་ཚར་དགོས་པར་མ་ཟད། ཟོས་རྗེས་སུ་སོ་བཀྲུ་བའམ་ཀ་ར་མེད་པའི་འགྱིག་བྱེ་རིལ་ལྡད་དགོས། ནངས་དགོང་གཉིས་ཀར་སོ་བཀྲུ་བ་ནི་གཙང་མ་བྱེད་ཐབས་ཆེས་བཟང་པོ་ཡིན་ལ། ཉིན་གུང་ཡང་བཀྲུ་ཆོག
མཉམ་འཇོག་བྱ་དགོས་ས།
ཁ་ནང་གི་བདེ་སྲུང་ནི་སོ་ནས་མགོ་རྩོམ་དགོས་པ་དང་། སོ་ལ་སྲུང་སྐྱོང་བྱེད་པ་ནི་འཚོ་བའི་ཁྲོད་ནས་མགོ་རྩོམ་དགོས་པས། སོ་ལ་གནོད་པའི་ཟས་རིགས་ཉུང་བཟའ་བྱས་ན་བཟང་།
ཉིན་རྒྱུན་དུས་ལྟར་སོ་གཙང་མར་བཀྲུ་དགོས།