བོད་ལྗོངས་ཀྱིས་ཞིང་གྲོང་སློབ་འབྲིང་གི་ཚན་རྩལ་ཁང་ཁྱོན་ཡོངས་སུ་ཁེབས་པ་དེ་མངོན་འགྱུར་བྱ་རྩིས་ཡོད་པ་དང་མིག་སྔར་32འཛུགས་སྐྲུན་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-25


            གསར་འགོད་པས་བོད་ལྗོངས་རང་སྐྱོང་ལྗོངས་ཚན་རྩལ་མཐུན་ཚོགས་ལས་རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་གོའི་ཚན་རྩལ་མཐུན་ཚོགས་ཀྱི་ཞིང་གྲོང་སློབ་འབྲིང་ཚན་རྩལ་མཐུན་ཚོགས་ཁང་སྤྱི་ཕན་རྣམ་གྲངས་ཁྲོད་རྒྱལ་ཡོངས་དང་ཁྱད་པར་དུ་ཀྲུང་གོའི་ནུབ་རྒྱུད་ས་ཁུལ་དུ་ཞིང་གྲོང་སློབ་འབྲིང་ཚན་རྩལ་ཁང་འཛུགས་པའི་གྲ་སྒྲིག་གི་བླང་བྱ་ལྟར། བོད་ལྗོངས་ཀྱིས་2016ལོར་རྫོང་(ཆུས།)74ལ་ཞིང་གྲོང་སློབ་འབྲིང་ཚན་རྩལ་ཁང་ཁྱོན་ཡོངས་སུ་ཁེབས་པ་དེ་མངོན་འགྱུར་བྱེད་རྩིས་ཡོད། 

            བོད་ལྗོངས་ཀྱི་སློབ་འབྲིང་ཚན་རྩལ་ཁང་སྤྱི་ཕན་རྣམ་གྲངས་དེ་2014ལོར་འགོ་བཙུགས་ཤིང་མིག་སྔར་རྣམ་གྲངས་32ལེགས་འགྲུབ་བྱུང་ཞིང་རྣམ་གྲངས་རེར་མ་དངུལ་སྒོར་ཁྲི་20བཏང་། 

            རྒྱུས་ལོན་བྱུང་བ་ལྟར་ན། ཞིང་འབྲོག་སློབ་འབྲིང་ཚན་རྩལ་ཁང་སྤྱི་ཕན་རྣམ་གྲངས་དེ་2016ལོར་ཆུས་ཡོངས་ཀྱི་རྫོང་དང་ཆུས་74ལ་ཁྱོན་ཡོངས་ནས་ཁེབས་པ་མངོན་འགྱུར་བྱ་རྩིས་ཡོད་པ་དང་། ཚན་རིག་ཁྱབ་རྡལ་ཐོན་ཁུངས་དེ་ཞིང་འབྲོག་སློབ་འབྲིང་ནས་མཐའ་འཁོར་གྱི་ཡུལ་ཤོག་དང་གྲོང་རྡལ་དུ་འཕྲོ་བའི་སྒྲིག་བཀོད་ཆགས་ནས་གོམ་གང་མདུན་སྤོས་སྒོས་ཞིང་གྲོང་ཚན་རྩལ་ཁྱབ་རྡལ་གྱི་སྤྱི་པའི་ཞབས་ཞུ་ནུས་པ་མཐོར་འདེགས་གཏང་བ་དང་། ཚན་རྩལ་ཁྱབ་རྡལ་ཐོན་ཁུངས་ཆ་སྙོམས་ཅན་དུ་འགྱུར་པར་སྐུལ་འདེད་གཏང་སྟེ་མུ་མཐུད་དུ་ཞིང་གྲོང་ན་གཞོན་གྱི་ཚན་རིག་བྱང་ཚད་མཐོར་འདེགས་གཏང་བར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐེབས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1