ཞི་ཅིན་ཕིང་གིས་ཨི་རན་དབྱི་སི་ལན་གྲོས་ཁང་གི་གྲོས་དཔོན་ལཱ་ལི་ཅ་ཉི་དང་འཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-25


  སྤྱི་ཟླ་1པའི་ཚེས་23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏེ་ཧི་རན་ནས་ཨི་རིན་དབྱི་སི་ལན་གྲོས་ཁང་གི་གྲོས་དཔོན་ལཱ་ལི་ཅ་ཉི་དང་འཇལ་འཕྲད་གནང་།

  ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨི་རིན་གཉིས་གྲོགས་པོ་བཟང་པོ་ཡིན། ཐེངས་འདིར་ཨ་རིན་ལ་འཚམས་འདྲི་ཞུ་བའི་དུས་སྐབས་སུ་ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཨི་རིན་གྱི་འབྲེལ་བ་དེ་ཕྱོགས་ཡོངས་འཐབ་ཇུས་འབྲེལ་བར་འཕར་བར་མོས་མཐུན་བྱུང་ཞིང་འདིས་ཀྲུང་གོ་དང་ཨི་རིན་གཉིས་ཀྱི་འཐབ་ཇུས་ཡིད་རྟོན་གོང་འཕེལ་དང་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་འབྲེལ་གཏིང་ཟབ་ཏུ་སྤེལ་བར་སྣེ་ཁྲིད་ཀྱི་ནུས་པ་ཐོན་སྟེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལེགས་པའི་བདེ་སྐྱིད་བསྐྲུན་ངེས། མིག་སྔར་ཀྲུང་གོ་དང་ཨི་རིན་གཉིས་ཀྱི་འབྲེལ་བ་རྣམ་པ་གསར་པའི་གོ་སྐབས་གསར་པར་ཁ་གཏད་དགོས་པར་མ་ཟད། ཕྱོགས་གཉིས་ཀྱིས་འགྲོ་འོང་ལ་ཤུགས་སྣོན་དང་ཕན་ཚུན་གྱི་རྒྱུས་ལོན་གོང་འཕེལ། ཆབ་སྲིད་ཡིད་ཆེས་སྲ་བརྟན་དང་མཉམ་ལས་འབྲེལ་བ་གསར་གཏོད་བྱེད་དགོས་ལ། རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་རྒྱུད་གཅིག་ལམ་གཅིག་སོགས་ཀྱི་ཡིག་ཆ་ཁག་ཅིག་ལ་མིང་རྟགས་བཀོད་ཅིང་འདིས་ང་ཚོས་རང་ཉིད་ཀྱི་ཁྱད་ཆོས་འདོན་སྤེལ་དང་འཕེལ་རྒྱས་འཐབ་ཇུས་ཀྱི་སྦྲེལ་མཐུད་ལ་ཕན་ནུས་གལ་ཆེན་འདོན་ངེས། དེ་མིན་བཟོ་ཚོང་དང་ནུས་ཁུངས། དངུལ་འཇོག འཕྲིན་གཏོང་། ཆུ་བེད། མི་ཆོས། བདེ་འཇགས་སོགས་ཁྱབ་ཁོངས་སོ་སོའི་མཉམ་འབྲེལ་ལ་ཤུགས་སྣོན་བྱས་ཏེ་མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་དང་ཀྲུང་གོ་དང་ཨི་རིན་གཉིས་ཀྱི་ཚད་མཐོ་བའི་ཕྱོགས་ཡོངས་འཐབ་ཇུས་འབྲེལ་བ་གསལ་པོར་མངོན་དགོས་ཞེས་བསྟན།
  ལཱ་ལི་ཅ་ཉི་ཡིས་རྣམ་པ་གསར་པའི་འོག་ཨི་རིན་གྱིས་ཀྲུང་གོའི་ཕྱོགས་ཡོངས་འབྲེལ་བར་ཤུགས་སྣོན་བྱས་ཏེ་ཨི་རིན་དང་ཀྲུང་གོའི་བཟོ་ཚོང་དང་དངུལ་འཇོག ནུས་ཁུངས། རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཀྱི་མཉམ་འབྲེལ་རྒྱ་སྐྱེད་འདོད་པར་མ་ཟད། ཀྲུང་གོ་ཆེས་ཐོག་མར་མཉམ་འབྲེལ་བྱེད་པའི་གྲོགས་པོར་ངོས་འཛིན་བྱ་ངེས། ཨི་རིན་ཕྱོགས་ནས་རྒྱུད་གཅིག་ལམ་གཅིག་གི་གྲོས་གཞིར་ཚད་མཐོ་བའི་གདེང་འཇོག་བྱེད་བཞིན་ཡོད་ལ་ཧུར་ཐག་གིས་འབྲེལ་ཡོད་མཉམ་འབྲེལ་ཁྲོད་ཟབ་ཞུགས་དང་ཀྲུང་གོའི་འབྲེལ་བ་གཏིང་ཟབ་ཏུ་སྤེལ་ཏེ་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་ཐད་གྲོས་མོལ་སྙོམས་སྒྲིག་བྱས་ནས་བདེ་འཇགས་ཁྱབ་ཁོངས་ཀྱི་མཉམ་འབྲེལ་ལ་ཤུགས་སྣོན་བྱ་འདོད་པར་མ་ཟད་ཨི་རིན་གྲོས་ཁང་གིས་ཀྲུང་གོའི་རྒྱལ་ཡོངས་མི་དམངས་བར་གྱི་བརྗེ་རེས་ལ་ཤུགས་སྣོན་བྱ་འདོད་ཅེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1