ལི་ཁེ་ཆང་གིས་ཕྱོགས་ཡོངས་ནས་བདག་གཉེར་འཕར་སྣོན་བསྒྱུར་བཀོད་ལ་སྐུལ་འདེད་དང་མགྱོགས་མྱུར་སྒོས་ནོར་ཁྲལ་ལམ་ལུགས་བཅོས་སྒྱུར་བྱེད་པའི་བཞུགས་མོལ་ཚོགས་འདུ་ལ་གཙོ་སྐྱོང་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-26


  སྤྱི་ཟླ་1པའི་ཚེས་25ཉིན། ལི་ཁེ་ཆང་གིས་ཕྱོགས་ཡོངས་ནས་བདག་གཉེར་འཕར་སྣོན་བསྒྱུར་བཀོད་ལ་སྐུལ་འདེད་དང་མགྱོགས་མྱུར་སྒོས་ནོར་ཁྲལ་ལམ་ལུགས་བཅོས་སྒྱུར་བྱེད་པའི་བཞུགས་མོལ་ཚོགས་འདུ་ལ་གཙོ་སྐྱོང་གནང་སྟེ་ཕྱོགས་ཡོངས་ནས་བདག་གཉེར་འཕར་སྣོན་བསྒྱུར་བཀོད་ལ་སྐུལ་འདེད་དང་མགྱོགས་མྱུར་སྒོས་ནོར་ཁྲལ་ལམ་ལུགས་བཅོས་སྒྱུར་བྱེད་པ། གོམ་གང་མདུན་སྤོས་སྒོས་ཁེ་ལས་ཀྱི་དཔྱ་ཁྲལ་ཇེ་ཉུང་དུ་གཏང་བ་བཅས་ལ་ཞིབ་འཇུག་དང་ཕྱོགས་སོ་སོའི་འཕེལ་རྒྱས་ཀྱི་བརྩོན་སེམས་ལ་སྐུལ་སློང་བྱས།
  ལི་ཁེ་ཆང་གིས་ཚོགས་འདུའི་སྟེང་ནོར་དཔྱའི་ལམ་ལུགས་བསྒྱུར་གྱི་ཁྱབ་ཁོངས་ཡངས་པ་དང་དོ་སྣང་བྱེད་ཚད་ཤིན་ཏུ་མཐོ། འདིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་ལ་གཏིང་ཟབ་པའི་ཤུགས་རྐྱེན་ཐེབས་ངེས། བདག་གཉེར་འཕར་སྣོན་གྱི་བསྒྱུར་བཀོད་དེ་ནོར་ཁྲལ་ལམ་ལུགས་བསྒྱུར་བཀོད་བྱེད་པའི་ལས་ཀ་གལ་ཆེན་ཞིག་ཡིན་པའི་ངོས་ནས་སྔོན་མའི་ཚོད་ལྟ་ལ་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་པ་རེད། ད་ལོ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ཚད་མཐོ་བའི་ཁེ་ལས་དཔྱ་ཁྲལ་ཇེ་ཉུང་དུ་གཏང་བ་དང་འདིས་ཞབས་ཞུའི་ལས་རིགས་ཀྱི་འཕེལ་རྒྱས་དང་ལྷག་པར་ཚན་རྩལ་སོགས་ཀྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་དང་ཐོན་ལས་དང་འཛད་སྤྱོད་རིམ་འཕར་ལ་སྐུལ་འདེད། སྒུལ་ནུས་གསར་པ་གསོ་སྦྱོང་། མཁོ་འདོན་ལོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བཅས་ཀྱི་ཐད་ལ་ནུས་པ་ཆེན་པོ་འདོན་ངེས། ཕྱོགས་སོ་སོའི་བསམ་འཆར་གཞིར་བཟུང་སྟེ་སོ་སོའི་ཁེ་ཕན་གཅིག་བསྡུ་བྱས་ཏེ་འཕེལ་རྒྱས་གསར་པའི་འདུ་ཤེས་ཀྱི་རེ་བ་ལྟར་ནོར་ཁྲལ་གྱི་ལམ་ལུགས་དང་འཁོར་སྐྱོད་ཀྱི་རྣམ་པ་བཅོས་སྒྱུར་དང་འཐུས་ཚང་གཏང་བ་དང་འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བའི་འཕར་རིམ་ལ་སྐུལ་འདེད་གཏང་ནས་གྲུབ་འབྲས་མཉམ་སྤྱོད་བྱ་དགོས་ཞེས་བསྟན།
  ལི་ཁེ་ཆང་གིས་ཕྱོགས་ཡོངས་ནས་བདག་གཉེར་འཕར་སྣོན་བསྒྱུར་བཀོད་ལ་སྐུལ་འདེད་དང་མགྱོགས་མྱུར་སྒོས་ནོར་ཁྲལ་ལམ་ལུགས་བཅོས་སྒྱུར་བྱེད་པར་གཙོ་བོ་ཚོང་རའི་སྡེ་ཚན་འཕེལ་རྒྱས་ཀྱི་བརྩོན་སེམས་ལ་སྐུལ་སློང་བྱ་དགོས། མིག་སྔར་དཔལ་འབྱོར་མར་ཆག་པའི་གནོན་ཤུགས་ལ་ཁ་གཏད་དེ་བརྟན་བརླིང་སྒོས་རྣམ་པའི་བསྒྱུར་བཀོད་ལ་སྐུལ་འདེད་དང་ནོར་ཁྲལ་ལམ་ལུགས་བཅོས་བསྒྱུར་བྱེད་པའི་གོ་སྐབས་འདིར་བརྟེན་ཏེ་སྔར་ལས་ལེགས་པའི་སྒོ་ནས་ཚོང་རའི་སྡེ་ཚན་གྱི་གསོན་ཤུགས་ལ་སྐུལ་སློང་བྱ་དགོས་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1