ཟུང་ཆུ་རྫོང་གིས་རིག་གནས་ཀྱི་གསོལ་སྟོན་སྤེལ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 01-27


     གསར་འགོད་པས་ཟུང་ཆུ་རྫོང་གི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་2016ལོའི་ལོ་སར་བསུ་བའི་བཞུགས་མོལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱས་པ་ལྟར་ན། 2016ལོར། ཟུང་ཆུ་རྫོང་གི་རིག་གནས་སྡེ་ཚན་གྱིས་རིགས་གནས་ཀྱི་དམངས་ཕན་ལས་གཞི་ཧུར་ཐག་ངང་གཏོད་ཅིང་། རིག་གནས་བསྐྱལ་བ་དང་རིག་རྩལ་མཉམ་འཛོམས་འཁྲབ་སྟོན། བརྩམས་ཆོས་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་པ་བརྒྱུད། རིག་གནས་ཀྱི་གསོལ་སྟོན་ལེགས་པར་སྤེལ་པ་དང་། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་བཏང་ཞིང་། དོན་དངོས་ཐོག་ནས་རིག་རྩལ་གྱིས་དམངས་ཚོགས་ལ་ཞབས་ཞུ་བསྐྲུན་པ་དང་གཞི་རིམ་ལ་ཞབས་འདེགས་ཞུས་པ་རེད། དམངས་སྲོལ་བྱེད་སྒོ་དང་ལོ་གསར། གཤམ་སྤེལ་བཞིའི་བྱེད་སྒོ་སོགས་དང་ཟུང་འབྲེལ་བྱས་ནས་སྣ་མང་ཕུན་སུམ་ཚོགས་པའི་རིག་རྩལ་བྱེད་སྒོ་ཐེངས་མང་པོ་ཞིག་སྤེལ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1