སྤྱི་ཟླ་1པའི་ཚེས་25ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གཙོ་སྐྱོང་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས་ནས་དངམས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཛིན་པ། ཏང་ཁག་གང་ལའང་མི་གཏོགས་པའི་འཐུས་མིས་《སྲིད་གཞུང་ལས་ཀའི་སྙན་ཞུ།<བསམ་འཆར་བསྡུ་ལེན་གྱི་མ་ཡིག>》དང་《ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ནང་དོན་གནད་བསྡུས།(འཆར་ཟིན།)<བསམ་འཆར་བསྡུ་ལེན་བྱེད་པའི་མ་ཡིག>》ཐད་བཏོན་པའི་བསམ་འཆར་དང་གྲོས་གཞི་ལ་གསན།
ལི་ཁེ་ཆང་གིས་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་ཏང་མང་མཉམ་འབྲེལ་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་ཀྱི་ཁྱད་ཆོས་འདོན་སྤེལ་ལེགས་པོ་བྱེད་པ་ནི་སྲིད་གཞུང་ལས་ཀ་བཟང་བོར་བསྒྲུབ་པའི་ཁག་ཐེག་གལ་ཆེན་ཞིག་ཡིན།དམངས་གཙོ་ཏང་ཁག་སོ་སོ་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁང་གང་ལའང་མི་གཏོགས་པའི་མི་སྣའི་ཁེབས་རྒྱ་ཆེ་བ་དང་མི་སྣ་འཇོན་ཐང་ཅན་ཤིན་ཏུ་མང་། དེ་དག་ནི་རང་རྒྱལ་གྱི་ཆབ་སྲིད་འཚོ་བའི་སྟོབས་ཤུགས་གལ་ཆེན་ཡིན། ལྷན་རྒྱས་གདན་དྲངས་ཏེ་བཞུགས་མོལ་བྱེད་པ་ནི་སྲིད་གཞུང་ལས་ཀའི་སྙན་ཞུ་དང་ལོ་ལྔའི་འཆར་འགོད་ཀྱི་མ་ཡིག་འབྲི་བའི་གོ་རིམ་གལ་ཆེན་ཞིག་ཡིན། འདིས་ལྟ་བ་དང་ངོས་འཛིན་གཅིག་བསྡུ་བྱེད་པར་ཕན་ནུས་གལ་ཆེན་འདོན་སྲིད་པས་ཚང་མས་དགོངས་འཆར་ལྷུག་པོར་བརྗོད་རོགས་ཞེས་བསྟན།།