ཟུང་ཆུ་རྫོང་གིས་གློག་རྡུལ་ཚོང་དོན་ཞིང་གྲོང་དུ་བསྐྱོད་པའི་ལས་ཀ་སྤེལ།

ཚེ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 01-28


  ཉེ་ལམ། ཟུང་ཆུ་རྫོང་གིས་གློག་རྡུལ་ཚོང་དོན་ཞིང་གྲོང་དུ་བསྐྱོད་པའི་ལས་ཀ་སྤེལ་ཞིང་གོ་སྐབས་འདི་དང་བསྟུན་ཏེ་གནད་འཁེལ་དབུལ་སྐྱོར་ལས་ཀ་དམ་འཛིན་དང་ཞིང་འབྲོག་དམངས་ཚོགས་ཀྱི་ཡོང་འབབ་མཐོར་འདེགས་སུ་གཏང་སྟེ་གློག་རྡུལ་དབུལ་སྐྱོར་དེ་མང་ཚོགས་ཀྱི་དབུལ་སྒྲོལ་ཕྱུག་འགྱུར་གྱི་སྣེ་ཁྲིད་དུ་གྱུར་བའི་རེ་བ་འདུག

  ལས་བྱེད་ཚན་ཆུང་ཡུལ་ཤོག་དང་སྡེ་བའི་ལས་བྱེད་པ་དང་ལྷན་དུ་གློག་རྡུལ་ཚོང་དོན་དང་གནད་འཁེལ་དབུལ་སྐྱོར་གཉིས་ཇི་ལྟར་མཉམ་འབྲེལ་བྱེད་དགོས་པ་དང་ཞིང་འབྲོག་མང་ཚོགས་ལ་སྔར་ལས་ལེགས་པའི་ཁེ་ཕན་ཇི་ལྟར་བསྐྲུན་དགོས་པའི་ཐད་ནས་བགྲོ་གླེང་བྱས། ལས་བྱེད་པས་བརྙན་ཡོལ་བརྒྱུད་དེ་ཞིང་འབྲོག་མང་ཚོགས་རྣམས་ལ་ཇི་ལྟར་ཐོན་རྫས་ཉོ་བ་དང་བཙོང་བ། གང་ལ་བཙོང་བ། འཛད་སྤྱོད་ཚོང་རའི་ཆེ་ཆུང་བཅས་ཀྱི་ཐད་ནས་འགྲེལ་བརྗོད་བྱས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1