ཞབས་བྲོ་ཡིས་མིའི་ལུས་ཕུང་གི་མཁྲེགས་མཉེན་ཚད་དང་མཐུན་སྦྱོར་ནུས་པའི་ཐད་དུ་ཚད་གཞི་ཆེན་པོ་ཡོད་དེ་བར་སྣང་དུ་ཞབས་བྲོ་འཁྲབ་པ་ནི་དེ་བས་ཀྱང་འགྲན་རྩོད་ཁག་པོ་ཞིག་རེད་འདུག དབྱིན་ཇིའི་《ཉིན་རེའི་སྦྲག་སྲིད་ཚགས་པར།》གྱིས་ཟླ་1པའི་ཚེས་26ཉིན་ཁྱབ་བསྒྲགས་བྱས་པ་ལྟར་ན། ཕོ་ལན་རྒྱལ་ཁབ་ཀྱི་བུ་མོ་ཞིག་གིས་འགྲན་སྡུར་ཁྲོད་དུ་བར་སྣང་དུ་བྲོ་འཁྲབ་ཏེ་ལྟད་མོ་བ་རྣམས་ཧང་སངས་པར་བྱས།།