ཞི་ཅིན་ཕིང་གིས་ཟས་རིགས་བདེ་འཇགས་ལས་ཀར་མཛུབ་སྟོན་གལ་ཆེན་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-31


  སྤྱི་ཟླ་1པའི་ཚེས་28ཉིན་སྤེལ་པའི་གསར་འགྱུར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་སྔོན་ཟས་རིགས་བདེ་འཇགས་ལས་ཀར་མཛུབ་སྟོན་གལ་ཆེན་གནང་སྟེ་ཟས་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པ་ནི་དམངས་འཚོའི་ལས་གཞི་ཞིག་དང་དམངས་སེམས་ལས་གཞི་ཞིག་ཡིན་པས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་འདོར་ཐབས་མེད་པའི་འོས་འགན་ཞིག་རེད། དེང་སྐབས་རང་རྒྱལ་གྱི་ཟས་རིགས་བདེ་འཇགས་ཀྱི་སྣང་ཚུལ་སྔར་བཞིན་ཛ་དྲག་ཏུ་གནས། མི་དམངས་མང་ཚོགས་ཀྱིས་བདེ་འཇགས་དང་བདེ་ཐང་གི་ཟས་རིགས་སྤྱོད་པར་རེ་སྒུག་ཆེན་པོ་བྱ་བཞིན་འདུག 2016ལོ་ནི་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་འགོ་བརྩམས་པའི་ལོ་ཡིན་ལ། མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་འདུ་ཤེས་སྲ་བརྟན་དུ་གཏང་བ་དང་ཏང་དང་སྲིད་གཞུང་གིས་འགན་མཉམ་ཁུར་བྱེད་པ་རྒྱུན་འཁྱོངས། གཅིག་བསྡུ་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ཏེ་མགྱོགས་མྱུར་སྒོས་ལྟ་སྐུལ་སྒྲིག་ལུགས་དང་ལམ་ལུགས་འཐུས་ཚང་དུ་གཏང་ནས་མི་དམངས་མང་ཚོགས་ཀྱི་ཟས་རིགས་བདེ་འཇགས་ལ་འགན་སྲུང་བྱ་དགོས་ཞེས་བསྟན།

  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་སྟེ་ཟས་རིགས་བདེ་འཇགས་གནད་དོན་ལ་སྤྱི་ཚོགས་ཀྱིས་ཚད་མཐོ་བའི་དོ་སྣང་དང་མི་དམངས་ཀྱི་རེ་སྒུག་ཆེན་པོ་བྱེད་བཞིན་འདུག འདས་པའི་ལོ་གཅིག་གི་ནང་དུ་རིམ་པ་སོ་སོའི་ཟས་རིགས་བདེ་འཇགས་ཨུ་ལྷན་དང་ཟས་རིགས་བདེ་འཇགས་གཞུང་སྒྲུབ་ཁང་། དེ་མིན་འབྲེལ་ཡོད་ལས་བྱེད་མི་སྣ་དང་སྡེ་ཁག་གིས་འོས་འགན་དང་དུ་བླངས་ཏེ་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་སྣོན་དང་ལྟ་སྐུལ་འོས་འགན་ལག་བསྟར་སོགས་ཀྱི་ཐད་ནས་ལས་ཀ་མང་པོ་བསྒྲུབས་ཤིང་གྲུབ་འབྲས་ཀྱང་མངོན་གསལ་བླངས། རིམ་པ་སོ་སོའི་སྲིད་གཞུང་གི་མི་དམངས་ཀྱི་ཁེ་ཕན་གཙོ་བོ་ཡིན་པའི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་དོན་དངོས་དང་མཐུན་པའི་སྒོ་ནས་ཟས་རིགས་བདེ་འཇགས་ཨུ་ལྷན་གྱི་གཅིག་མཐུན་སྣེ་ཁྲིད་དང་ཕྱོགས་བསྡུས་མཐུན་སྦྱོར་ནུས་པ་འདོན་སྤེལ་བྱེད་པ་དང་བཅོས་སྒྱུར་གྱི་སྙིང་སྟོབས་དང་ཁྲིམས་སྐྱོང་གི་གཞིག་སྟངས་སྤྱད་དེ་ཟས་རིགས་བདེ་འཇགས་ཀྱི་འཐབ་ཇུས་ལག་བསྟར་བྱ་དགོས་ཞེས་བསྟན།། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1