ཝང་ཏུང་མིང་གིས། ཚད་གཞི་མཐོ་པོ་དང་བླང་བྱ་ནན་མོའི་སྒོ་ནས་གྲོང་ཁྱེར་དང་རྫོང་། ཡུལ་ཤོག་གི་འགོ་ཁྲིད་ཚན་པ་བརྗེ་རེས་ཀྱི་ལས་ཀ་དམ་འཛིན་ཡག་པོ་བྱེད་དགོས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-01


    ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལྟར། རང་རེའི་ཞིང་ཆེན་གྱི་གྲོང་ཁྱེར་དང་རྫོང་། ཡུལ་ཤོག་གི་འགོ་ཁྲིད་ཚན་པ་གཅིག་རྗེས་གཉིས་མཐུད་ངང་བརྗེ་འགོ་བརྩམས་པ་རེད། སྤྱི་ཟླ་1པོའི་ཚེས་31ཉིན་གྱི་སྔ་དྲོ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་། ཡུལ་ཤོག་གི་འགོ་ཁྲིད་བརྗེ་བའི་ལས་ཀ་དང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གི་ཚོགས་འདུ་ཁྲེན་ཏུའུ་ནས་འཚོགས། ཚོགས་འདུའི་སྟེང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་བྱེད་ཕྱོགས་དང་སྤྱི་ཁྱབ་ཧྲུའུ་ཅུ་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པ་དང་། ཀྲུང་དབྱང་གི་འགོ་ཁྲིད་བརྗེ་བའི་ལས་ཀའི་སྐོར་གྱི་འབྲེལ་ཡོད་བཀོད་སྒྲིག་གི་བླངས་བྱ་ནན་ཏན་གྱིས་ལག་བསྟར་བྱས་ནས། གྲོང་ཁྱེར་དང་རྫོང་། ཡུལ་ཤོག་གི་འགོ་ཁྲིད་ཚན་པ་བརྗེ་བ་དང་ཏང་གི་འཛུགས་སྐྲུན། རྩ་འཛུགས་ལས་ཀ་བཅས་ལ་བཀོད་སྒྲིག་བྱས་པ་རེད།
    ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་ཀྱང་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཞིང་དཔོན་དབྱི་ལི། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཁོ་ཙུན་ཕིང་ཚོགས་འདུར་ཞུགས། 
    ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཧྥན་རུའེ་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གྲོང་ཁྱེར་དང་རྫོང་། ཡུལ་ཤོག་གི་སྐབས་རྗེས་མའི་འགོ་ཁྲིད་བརྗེ་བ་དང་ཏང་གི་འཛུགས་སྐྲུན། རྩ་འཛུགས་ལས་ཀའི་སྐོར་ལ་བཀོད་སྒྲིག་ཞིབ་ཕྲ་བྱས་པ་རེད། ཚོགས་འདུ་འཚོགས་རིང་དིུ། ཞིང་ཆེན་དམངས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གྲོས། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འགན་འཁུར་བློ་མཐུན་སོ་སོས་འབྲེལ་ཡོད་ཁག་གི་སྐབས་བརྗེ་ལས་ཀའི་བཀོད་སྒྲིག་བྱས་པ་དང་བླང་བྱ་བཏོན། ཚོགས་འདུར་བཞུགས་པའི་བློ་མཐུན་རྣམས་ཀྱིས་ཚོགས་འདུའི་དགོངས་དོན་ལག་ལེན་དོན་འཁྱོལ་བྱེད་རྒྱུ་དང་བློ་མཐུན་ཝང་ཏུང་མིང་གི་གསུང་བཤད་ཀྱི་གལ་ཆེའི་དགོངས་དོན་ལ་ཚོ་ཆུང་བགོས་ནས་སློབ་སྦྱོང་གྲོས་བསྡུར་བྱས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1